ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མཚན་མོ་གཉིད་ཡག་པོ་མི་ཁུག་པའི་རྒྱུ་རྐྱེན་བཞི།

2023-04-17 16:41:00     责编:娜科

    མཚན་མོ་གཉིད་ཐེངས་གཉིས་གསུམ་སད་ནས་ཡང་བསྐྱར་གཉིད་དུ་ཡུར་བ་ནི་རྒྱུན་ལྡན་རང་བཞིན་ཡིན་སྲིད། འོན་ཀྱང་མི་ཁག་གཅིག་གཉིད་སད་ནས་མུ་མཐུད་གཉིད་ཁུག་ཁག་པོ་ཡོད། གཤམ་ལ་རྩོམ་སྒྲིག་པས་མཚན་མོ་གཉིད་སད་ནས་མུ་མཐུད་གཉིད་མི་ཁུག་པའི་རྒྱུ་རྐྱེན་བཞི་ངོ་སྤྲོད་ཞུ་རྒྱུ་ཡིན།

     1 . མཚན་མོ་གཅིན་པ་གཏོང་བར་ཐེངས་མང་འགྲོ་དགོས་པ། མི་ཁག་གཅིག་ ཉིན་མོ་ཆུ་མང་པོ་བཏུང་མེད་ནའང་མཚན་ལ་གཅིན་པ་གཏོང་བར་ཐེངས་འགའ་ཤས་ལངས་དགོས་འཁེལ་གྱི་ཡོད་ཅིང་། གཅིན་པ་གཏོང་བའི་ཞོར་ལ་ཁ་སྐོམ་ནས་ཆུ་གསབ་དགོས་ཀྱི་ཡོད། རྒྱུ་རྐྱེན་ནི་མིའི་ལུས་པོར་བརླན་ཚད་དང་གློག་འབྱེད་རྫས་གཉིས་དོ་སྙོམས་དགོས་པས་ཆུ་འཐུང་དགོས་ཀྱི་ཡོད་པ་རེད།

      2 . ཚ་བ་ཆེ་དྲགས་པ། མཚན་མོ་ལུས་པོ་དང་ཉལ་ཁང་ལ་ཚ་བ་ཆེ་དྲགས་རྒྱུ་མེད། ཚ་བ་ཆེ་དྲགས་ན་གཉིད་ཁུག་ཁག་པོ་ཡོད། ཉལ་ཁང་གི་དྲོད་ཚད་དང་ཉལ་ཆས་སོགས་ཀྱི་མཐུག་ཚད་ལུས་པོའི་ཚ་དྲོད་ཀྱི་ཚོར་སྣང་ལས་མཐོ་མི་རུང་། ཉལ་ཁང་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་ 15.50 ནས་ 18.30 བར་འཚམ་ཤོས་རེད།

     3 . དགོང་མོ་ཁ་པར་དང་གློག་ཀླད་ཡུན་རིང་བལྟས་ནས་སྡོད་པ། དེང་སྐབས་མི་མང་པོ་དྲ་ཐོག་ལ་དབྱིངས་ཞུགས་པ་དང་། ལྷག་པར་དུ་ཉལ་ཁྲིའི་སྟེང་ཁ་པར་བལྟས་ནས་ཡུན་རིང་པོ་སྡོད་པའི་གོམས་གཤིས་འཇགས་ཡོད། མཚན་མོ་གློག་ཀླད་དང་ཁ་པར་གྱི་འོད་མདངས་ཀྱིས་མིག་ལ་གནོད་པ་ཆེ་བ་དང་གཉིད་ཁུག་པར་ཡང་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད། དེར་བརྟེན་གཉིད་མ་ཉལ་གོང་གི་ཆུ་ཚོད་གཅིག་ནང་ཚུན་དུ་གློག་ཀླད་དང་ཁ་པར་ལ་མགོ་འཁོར་རྒྱུ་མེད།

      4 . སེམས་ཁྲལ་མང་པོ་བྱེད་པ། དེང་སྐབས་མི་མང་པོ་ཞིག་ལས་ཀ་དང་ཁྱིམ་ཚང་སོགས་གང་སྤྱིར་སེམས་ཁྲལ་ཆེན་པོ་ཡོད་རྐྱེན་མཚན་མོ་གཉིད་དུས་ཐོག་ཏུ་ཁུག་ པར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད། མི་ཚང་མར་སེམས་ཁྲལ་མེད་པ་ག་ལ་ཡོད། འོན་ཀྱང་མཚན་མོ་དུས་ཐོག་ཏུ་གཉིད་ལ་ཡུར་བའི་ཆེད་དུ་ལུས་སེམས་ལྷོད་དུ་འབབ་ཐུབ་པ་བྱས་ན། གཉིད་ཁུག་པར་ཕན་པ་ཡོད། སེམས་ཁམས་རིག་པ་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ཏིང་འཛིན་སྒོམ་པ་དང་ཡང་ན་ཡོ་གའི་སྒོམ་སྒྲུབ་བྱས་ཚེ་སེམས་ནང་གི་སྡུག་བསྔལ་སེལ་ལ་གཤིས་ཀ་ཡང་ལྷོད་དུ་ཕྱིན་ནས་གཉིད་ཁུག་པར་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད།

ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

▶ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་་་

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པའེ་ཏེང་གི་ལག་རོགས་དང་མནའ་གྲོགས་ཀྱིས་འདེམས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་མ་དངུལ་གྲབས་གསོག་གི་སྒྲིག་གཞི་འཛུགས་འགོ་ཚུགས་ཡོད།

中央广播电视总台 央广网 版权所有

མཚན་མོ་གཉིད་ཡག་པོ་མི་ཁུག་པའི་རྒྱུ་རྐྱེན་བཞི།

མི་ཚང་མར་སེམས་ཁྲལ་མེད་པ་ག་ལ་ཡོད། འོན་ཀྱང་མཚན་མོ་དུས་ཐོག་ཏུ་གཉིད་ལ་ཡུར་བའི་ཆེད་དུ་ལུས་སེམས་ལྷོད་དུ་འབབ་ཐུབ་པ་བྱས་ན། གཉིད་ཁུག་པར་ཕན་པ་ཡོད། སེམས་