ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་་་

2023-04-17 16:28:00     责编:娜科

ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་འཆར་ཡོད། 

     ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་10ཉིན་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཁོང་2024ལོར་སླར་ཡང་ཙུང་ཐུང་འདེམས་འགྲན་ནང་ཞུགས་འཆར་ཡོད་མོད། འོན་ཀྱང་ད་དུང་ཁྱབ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་བྱེད་ཐུབ་མེད་ཅེས་བསྟན་ཡོད།དེའི་གོང་པའེ་ཏེང་གིས་ཐེངས་མང་པོར་ཁོང་2024ལོའི་ཨ་རིའི་ཙུང་ཐུང་འདེམས་འགྲན་ནང་ཞུགས་རྒྱུ་ཡིན་པ་ཤུགས་སུ་བསྟན་ཡོད།

     མིག་སྔར། ལོ་80ལ་སླེབས་པའི་པའེ་ཏེང་ནི་ཨ་རིའི་ལོ་རྒྱུས་ཐོག་གི་ལོ་ན་རྒས་ཤོས་ཀྱི་ཙུང་ཐུང་དེར་གྱུར་ཡོད། 

     ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་14ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཨིར་ལན་ལ་འཚམས་འདྲི་བྱས་ནས་ཕྱིར་ལོག་སྐབས།  རང་ཉིད་ཨ་རིའི་ཙུང་ཐུང་འདེམས་འགྲན་ནང་བསྐྱར་དུ་ཞུགས་པའི་འཆར་གཞི་འཐེན་བཞིན་ཡོད་ཅིང་། ལྟོས་བཅས་ཀྱིས་ཅུང་མགྱོགས་པོའི་ངང་འདེམ་འགྲན་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་བཤད་ཡོད། 

     ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།པའེ་ཏེང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་མུ་མཐུད་འདེམས་འགྲན་ནང་ཞུགས་རྒྱུ་བསྟན་བཞིན་ཡོད་མོད། འོན་ཀྱང་དངོས་སུ་ཁྱབ་བསྒྲགས་བྱས་མེད་པས། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཕལ་ཆེར་སེམས་མི་བདེ་བར་གྱུར་ཡོད།

     ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པའེ་ཏེང་གི་ལག་རོགས་དང་མནའ་གྲོགས་ཀྱིས་འདེམས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་མ་དངུལ་གྲབས་གསོག་གི་སྒྲིག་གཞི་འཛུགས་འགོ་ཚུགས་ཡོད། པའེ་ཏེང་གི་ལོ་ཚད་ཀྱིས་ཁོང་གི་འདེམ་འགྲན་དེ་དམངས་གཙོ་ཏང་གི་ངོས་ནས་བརྗོད་ན་ལོ་རྒྱུས་རང་བཞིན་གྱི་ཉེན་ཁ་ཞིག་ཡིན་སྲིད། གལ་ཏེ་པའེ་ཏེང་གིས་ཙུང་ཐུང་གི་འགན་མུ་མཐུད་འཁུར་ཐུབ་ཚེ།  འགན་ཡུན་གཉིས་པ་མཇུག་སྒྲིལ་སྐབས་ཁོང་ལོ་86ལ་སླེབས་རྒྱུ་ཡིན་པ་དང་། ལོ་དེ་ནི་ཨ་རིའི་སྐྱེས་པའི་ཆ་སྙོམས་ཚེ་ཚད་ལས་ལོ་9ཡིས་མཐོ་བ་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རིག་འཛིན་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་སྒོར་ཁྲི་200ནས་400བར་གྱི་ལྷམ་འདི་ནི་ཧབ་འཚོང་ལོ་རྒྱུས་ཐོག་གི་་་

1998ལོར། ཇོ་ཏན་གྱིས་ཁོའི་ཆེས་མཐའ་མའི་ཨ་རིའི་མཉམ་འབྲེལ་འགྲན་བསྡུར་གྱི་ཐེངས་གཉིས་པའི་འགྲན་བསྡུར་ཁྲོད་དུ་ལྷམ་འདི་གྱོན་པ་དང་མཇུག་མཐར་རྒྱལ་ཁ་ཐོབ་པ་རེད། སུའུ་ཧྥུའུ་པི་ཡིས་ཚོད་དཔག་བྱས་པ་ལྟར་ན།

中央广播电视总台 央广网 版权所有

▶ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་་་

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པའེ་ཏེང་གི་ལག་རོགས་དང་མནའ་གྲོགས་ཀྱིས་འདེམས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་མ་དངུལ་གྲབས་གསོག་གི་སྒྲིག་གཞི་འཛུགས་འགོ་ཚུགས་ཡོད།