ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

ཀན་ལྷོ་གཡང་ལྡན་ཕྱུག་མོ་རུ“ཀྲུང་གོའི་འགྲོས་ཡག”འཚོལ་བ།

2023-04-11 09:30:00     责编:娜科

 

    ཟླ4ཚེས9ཉིན། ཀྲུང་གོའི་འགྲོས་ཡག་སྐབས་བཅུ་གཅིག་པའི་ཀན་ལྷོའི་འགྲན་ཁུལ་གྱི་འགྲན་སྡུར་གཙོས་སུ་སྤེལ། ཁུལ་གྱི་ས་ཆ་སོ་སོ་ནས་ཐོན་པའི་ན་ཆུང་བྱིས་པ་དྲུག་ཅུ་ལྷག་འགྲན་སྡུར་དུ་ཞུགས།

 

    ཐེངས་འདིའི་འགྲན་སྡུར་ནི་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཙོར་སྒྲུབ་བྱས་ཤིང་། ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་དང་ཁུལ་རིག་གནས་ཁང་། ཁུལ་རོལ་མོ་དང་ཞབས་བྲོ་བའི་མཐུན་ཚོགས། ཁུལ་ཤམ་བྷ་ལའི་ན་གཞོན་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་མཛད་པ་ཡིན་ལ། འགྲན་སྡུར་འདི་སྤེལ་བའི་དགོས་པ་ནི། རང་ཁུལ་གྱི་དུས་རབས་གསར་བའི་གྱོན་གོས་རིག་གནས་ཕུན་སུམ་ཚོགས་པ་ཕྱི་རུ་མངོན་པ་དང་། གསར་གཏོད་ཀྱི་ནུས་པ་ལྡན་པའི་སྒྱུ་རྩལ་འཇོན་མི་འདེམས་པ། གཞོན་ནུའི་སྒྱུ་རྩལ་གྱི་རྣམ་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་འཚོལ་བ། རང་ཁུལ་གྱི་ན་ཆུང་གཞོན་ནུ་རྣམས་ལ་ནུས་པ་མངོན་པའི་སྟེགས་བུ་བསྐྲུན་པ་བཅས་ཀྱི་ཆེད་དུ་ཡིན།

    ཐེངས་འདིའི་འགྲན་སྡུར་དུ་ན་ཆུང་བྱིས་པ་རྣམས་ལོ་ཚོད་ལྟར་ཚོ་ཆུང་མི་འདྲ་བ་གསུམ་དུ་བཀར་བ་དང་། དཔྱད་འདེམས་དགེ་རྒན་རྣམས་ཀྱིས་མི་རིགས་གྱོན་གོས་དང་བརྗིད་ཉམས་མངོན་པའི་གྱོན་གོས། ལུས་ཉམས་དང་བཟོ་ལྟ། གོམ་སྟབས་སྒྱུར་ལུགས་སོགས་ཕྱོགས་དུ་མ་ནས་སྐར་མ་བརྒྱབ་ཏེ། མཐར་འགྲན་ཞུགས་པ་ཡོངས་ལས་བྱིས་པ་སུམ་ཅུ་ལྷག་ཀན་ལྷོའི་འགྲན་ཁུལ་ལས་རྣམ་པར་རྒྱལ་ཏེ་ཞིང་ཆེན་གྱི་འགྲན་སྡུར་ལ་ཞུགས་པའི་ཆོག་མཆན་ཐོབ། །

 

རྩོམ་སྒྲིག་པ།  པད་མ་ཚེ་རིང་།

 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུས་ཨ་རིའི་གསར་འགོད་པས་གསང་མྱུལ་གྱི་ཉེས་པ་་་

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་30ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་བརྗོད་པར། ཨ་རིའི་གསར་འགོད་པ་ཀེར་ཧྲི་ཁོ་ཝུའེ་ཆིས་གསང་མྱུལ་གྱི་

中央广播电视总台 央广网 版权所有

ཀན་ལྷོ་གཡང་ལྡན་ཕྱུག་མོ་རུ“ཀྲུང་གོའི་འགྲོས་ཡག”འཚོལ་བ།

ཟླ4ཚེས9ཉིན། ཀྲུང་གོའི་འགྲོས་ཡག་སྐབས་བཅུ་གཅིག་པའི་ཀན་ལྷོའི་འགྲན་ཁུལ་གྱི་འགྲན་སྡུར་གཙོས་སུ་སྤེལ། ཁུལ་གྱི་ས་ཆ་སོ་སོ་ནས་ཐོན་པའི་ན་ཆུང་བྱིས་པ་དྲུག་ཅུ་ལྷག་འགྲན་སྡུར་དུ་ཞུགས།