ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁ་པར་ནས་དངུལ་སྤྲོད་དུས་འདི་རིགས་ལ་གཟབ་དགོས།

2023-04-13 17:15:00     责编:娜科

   ཉེ་ཆར། ལག་ཐོགས་ཁ་པར་ཐོག་ནས་གཏོང་སྤྲོད་སྐབས་སུ་མགོ་སྐོར་གཏོང་བྱེད་གསར་པ་ཐོན་པ་དང་། ཁྲམ་པས་“དངུལ་སྤྲོད་ལེན་གྱི་རྩ་གཉིས་ཨང་རྟགས་བརྗེ་རེས་”སྤྱད་ནས་སྨྱོ་ཧམ་ཆེན་པོས་ཉེས་དོན་བཟོ་བཞིན་འདུག 

 

   ཨ་ལྕག་ལི་ལགས་སྒོ་ངའི་བག་ལེབ་ཚོང་ཁང་ཞིག་གཉེར་ཡོད་པ་རེད། ཟླ་2ཚེས་16ཉིན།  མི་ཞིག་གིས་ཨ་ལྕག་ལི་ལགས་དང་སྐད་འཕྲིན་གྱི་གྲོགས་པོ་བསྒྲིགས་ནས་སྒོ་ངའི་བག་ལེབ་སྔོན་མངགས་བྱེད་དགོས་ཟེར། 

 

   ཕྱོགས་གཉིས་པོས་སྒོ་ངའི་བག་ལེབ་ཀྱི་བཟོ་ལྟ་གཏན་འཁེལ་བྱས་རྗེས། དངུལ་སྤྲོད་དུས་མགོ་སྐོར་བཏང་བ་རེད།

 

     ཕ་རོལ་པོས་སྐད་འཕྲིན་ཐོག་དངུལ་མེད་པ་རྒྱུ་མཚན་དུ་བྱས་ནས་ཨ་ལྕག་ལི་ལགས་ལ་དངུལ་སྤྲོད་འབོ་ཡི་“དངུལ་སྤྲོད་ཨང་གྲངས་”དགོས་ཟེར། ཨ་ལྕག་ལི་ལགས་ཀྱིས་དེར་“དངུལ་ལེན་ཨང་གྲངས་” བསྐུར་རྗེས། ཕ་རོལ་པོས་དངུལ་སྤྲོད་ཐུབ་ཀྱི་མི་འདུག་ཟེར་བ་དང་། ཨ་ལྕག་ལི་ལགས་ལ་སྐད་འཕྲིན་བརྙན་རིས་ཁ་པར་བཏང་སྟེ་ཐད་ཀར་རྩ་གཉིས་ཨང་རྟགས་བཤེར་ནས་སྤྲོད་རྒྱུ་ཡིན་ཟེར།

 

   ཨ་ལྕག་ལི་དོགས་འཆར་མེད་པར་“ཉོ་མཁན་”དང་བརྙན་རིས་ཁ་པར་བཏང་། སྐབས་དེར་ཏག་ཏག་སྐད་འཕྲིན་བརྙན་རིས་ཁ་པར་གཏོང་བཞིན་ཡོད་པས། ཁོང་མོས་ལག་ཐོགས་ཁ་པར་གཞན་པ་ཞིག་གི་གཏོང་སྤྲོད་འབོ་ཁ་ཕྱེ་ནས་དངུལ་ལེན་རྩིས་བྱས།  ཕ་རོལ་པོས་ཨ་ལྕག་ལི་ལགས་ལ་“སེམས་བཟང་གི་དྲན་སྐུལ་”བྱས་ནས། རྩ་གཉིས་ཨང་རྟགས་བཤེར་འབེབས་བདེ་ཡོང་ཕྱིར་ལག་ཐོགས་པར་གྱི་བཪྙན་ཤེལ་ཡག་པོ་བསྟན་རོགས་ཟེར། 

 

   བསམ་ཡུལ་ལས་འདས་པར། ཨ་ལྕག་ལི་ལགས་ཀྱིས་“དངུལ་ལེན་”གྱི་ཁ་ངོས་ཕྱེ་ནས་“ཏིང་”སྒྲ་གྲགས་པ་དེ་ནི་“དངུལ་བླངས་པའི་”དྲན་སྐུལ་མིན་པར་དེ་ནི་དངུལ་སྤྲོད་པའི་ཆ་འཕྲིན་ཡིན་པ་རེད། ཨ་ལྕག་ལི་ལགས་སྣང་བ་བྱུང་དུས་ཕ་རོལ་པོས་འབྲེལ་གཏུག་བྱེད་ཐབས་མེད་པ་བཟོས་ཟིན། 

 

   དེའི་ཡང་སྙིང་ནི་ང་ཚོས་ལག་ཐོགས་ཁ་པར་གྱི་“དངུལ་ལེན་”གྱི་ཁ་ངོས་ཕྱེ་དུས། ཐོག་མར་གསལ་ཡོང་བ་ནི་“དངུལ་སྤྲོད་ཨང་གྲངས་”རེད། དེ་བརྗེ་སྤོ་བརྒྱབ་རྗེས་ད་གཟོད་“དངུལ་ལེན་”གྱི་ཁ་ངོས་ཕྱེ་བ་རེད།  ཁྲམ་པས་དྲ་ངོས་དེ་གཉིས་བརྗེ་རེས་མ་བྱས་པའི་མཚམས་དེའི་གོ་སྐབས་བཟུང་བ་རེད། མི་མང་པོས་“དངུལ་སྤྲོད་གསང་གྲངས་མེད་པའི་”གོམས་གཤིས་ལ་བརྟེན་ནས་ཐད་ཀར་“དངུལ་སྤྲོད་ཨང་གྲངས་”བཤེར་འབེབས་བྱས་ནས་དངུལ་ལེན་པ་རེད། 

ཡོང་ཁུངས། མི་དམངས་དྲ་བ།

འཛམ་གླིང་སྐར་ཁུངས།

ལྗར་པན་གྱི་བཤད་ཚུལ་དེར་ཀྲུང་གོས་དགག་པ་བརྒྱབ།

དཔུང་ཁག་བར་གྱི་འགྲན་རྒོལ་བྱེད་མཚམས་འཇོག་རྒྱུ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཏན་ཏིག་ཞུ་རྒྱུ་དང་།

中央广播电视总台 央广网 版权所有

ཁ་པར་ནས་དངུལ་སྤྲོད་དུས་འདི་རིགས་ལ་གཟབ་དགོས།

དེའི་ཡང་སྙིང་ནི་ང་ཚོས་ལག་ཐོགས་ཁ་པར་གྱི་“དངུལ་ལེན་”གྱི་ཁ་ངོས་ཕྱེ་དུས། ཐོག་མར་གསལ་ཡོང་བ་ནི་“དངུལ་སྤྲོད་ཨང་གྲངས་”རེད། དེ་བརྗེ་སྤོ་བརྒྱབ་རྗེས་ད་གཟོད་