ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚང་མས་དོགས་ཟོན་གནང་དང་། ཁོ་པར་ཆག་སྒོ་ཆེན་པོ་བྱུང་འདུག

2023-04-17 10:46:00     责编:娜科

    ཟླ་4ཚེས་10ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཁ་བསླུས་འགོག་རྒོལ་ལྟེ་གནས་ལ་དངུལ་ཁང་གཱ་བསྡམས་བཅད་བྱས་པའི་སྐོར་གྱི་མང་ཚོགས་མའོ་ཆེ་གེ་མོའི་བློ་འདྲིའི་ཁ་པར་འབྱོར་བ་དང་། མའོ་ཆེ་གེ་མོས་མཁོ་འདོན་བྱས་པའི་ཆ་འཕྲིན་གཞིར་བཟུང་། མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱེད་རིང་། མི་དམངས་ཉེན་རྟོག་པས་མའོ་ཆེ་གེ་མོར་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་ལ་རོགས་པ་བྱས་པའི་དོགས་གཞི་ཡོད་པ་ཤེས་པ་དང་། ཧུའུ་ནན་དང་། ཧོ་ནན། ཨན་ཧུའེ་བཅས་ས་གནས་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་ཏུ་བྲོས་བྱོལ་མི་སྣ་ཡིན་པའི་བརྡ་ཁྱབ་བཏང་ཡོད་པས། འཕྲལ་མར་མའོ་ཆེ་གེ་མོ་བྲག་ཡིབ་ཆུས་སྤྱི་བདེ་ཅུས་སུ་བརྟག་དཔྱད་དང་ལེན་བྱེད་པར་སྐད་བཏང་བ་རེད།

 

བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མཁོ་འདོན་བྱས།

 

ཞིབ་ཕྲའི་གནས་ཚུལ།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདྲི་རྩད་བྱས་པ་བརྒྱུད། མའོ་ཆེ་གེ་མོ་ནི་ཕྱི་ནས་ཡོང་བའི་གླ་པ་ཡིན་པ་དང་། ཁོ་པས་ཟླ་གསུམ་པའི་ཟླ་སྨད་དུ་ཡིད་རྟོན་གཱ་གཉེར་སྐབས་དངུལ་ཁང་གིས་ཁོ་པའི་ཡིད་རྟོན་ལ་གནད་དོན་ཡོད་པས་གཱ་གཉེར་ཐབས་བྲལ་ལུགས་བརྗོད། དེ་རྗེས། མའོ་ཆེ་གེ་མོས་དྲ་ཐོག་ནས་ཡིད་རྟོན་གཱ་གཉེར་ཆོག་པའི་ཆ་འཕྲིན་ཞིག་མཐོང་བས། དེ་མ་ཐག་ཕ་རོལ་པོའི་སྐད་འཕྲིན་གྲོགས་ཚོམས་ནང་ཞུགས་ནས་ཡིད་རྟོན་གཱ་གཉེར་བའི་སྐོར་སྐད་ཆ་དྲིས། ཕ་རོལ་པོས་ཁོ་པར་ཡིད་རྟོན་གྱི་གནས་ཚུལ་ཐག་གཅོད་བྱེད་པ་དང་འབྲེལ་ཡིད་རྟོན་གཱ་གཉེར་རོགས་བྱས་ཆོག་ཅེས་བརྗོད། མའོ་ཆེ་གེ་མོས་ཕ་རོལ་པོས་བཤད་པ་ལྟར་ཞིང་ལས་དངུལ་ཁང་དུ་ཕྱིན་ནས་རིགས་དང་པོའི་གཱ་གཉེར་བ་དང་། དེ་ནས་ཡང་གློག་འཕྲིན་ཀུང་སིར་ཕྱིན་ནས་ཁ་པར་གྱི་གཱ་གསར་པ་ཞིག་བཟོས་རྗེས་དངུལ་ཁང་གཱ་དང་ཁ་པར་གཱ་སོགས་ཕ་རོལ་པོས་དམིགས་འཛུགས་བྱས་པའི་ས་ཆར་བསྐུར། དེ་ནས་མའོ་ཆེ་གེ་མོས་ཕ་རོལ་པོས་ཡིད་རྟོན་གཱ་གཉེར་ནས་ཚུར་བསྐུར་རྒྱུ་སྒུག་ནས་བསྡད་ཀྱང་ད་བར་རྩ་བ་ནས་འབྱོར་མེད། ཁོ་པ་དངུལ་ཁང་དུ་ལྟ་བར་འགྲོ་སྐབས། རང་གི་དངུལ་ཁང་གཱ་བསྡམས་བཅད་བྱས་ཡོད་པ་ཤེས་རྟོགས་བྱུང་བས་ཁ་བསླུས་འགོག་རྒོལ་ལྟེ་གནས་ལ་བློ་འདྲི་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། མའོ་ཆེ་གེ་མོས་གཉེར་བའི་ཞིང་ལས་དངུལ་ཁང་གཱ་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་བྱེད་སྤྱོད་ཐད་བེད་སྤྱད་ཡོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་120ལྷག་ཙམ་ཟིན་ཡོད་ཅིང་། ཟླ་4ཚེས་3དང་ཚེས4ཉིན་ཧུའུ་ནན་ཁྲང་ཧྲ་དང་། ཧོ་ནན་ཤིན་ཨན། ཨན་ཧུའེ་ཀོང་ཏེ་བཅས་ས་ཆ་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་ཏུ་བྲོས་བྱོལ་མི་སྣ་ཡིན་པའི་བརྡ་ཁྱབ་བཏང་ཡོད། མའོ་ཆེ་གེ་མོར་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་པ་བྱས་པའི་ཉེས་གསོག་གི་དོགས་གཞི་ཡོད་པས། ཟླ་4ཚེས་10ཉིན་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། མིག་སྔར་གྱོད་གཞི་རྩིས་སྤྲོད་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

ཨ་སྒོར་ཁྲི་200ནས་400བར་གྱི་ལྷམ་འདི་ནི་ཧབ་འཚོང་ལོ་རྒྱུས་ཐོག་གི་་་

1998ལོར། ཇོ་ཏན་གྱིས་ཁོའི་ཆེས་མཐའ་མའི་ཨ་རིའི་མཉམ་འབྲེལ་འགྲན་བསྡུར་གྱི་ཐེངས་གཉིས་པའི་འགྲན་བསྡུར་ཁྲོད་དུ་ལྷམ་འདི་གྱོན་པ་དང་མཇུག་མཐར་རྒྱལ་ཁ་ཐོབ་པ་རེད། སུའུ་ཧྥུའུ་པི་ཡིས་ཚོད་དཔག་བྱས་པ་ལྟར་ན།

中央广播电视总台 央广网 版权所有

ཚང་མས་དོགས་ཟོན་གནང་དང་། ཁོ་པར་ཆག་སྒོ་ཆེན་པོ་བྱུང་འདུག

བརྟག་དཔྱད་བྱས་པ་བརྒྱུད། མའོ་ཆེ་གེ་མོས་གཉེར་བའི་ཞིང་ལས་དངུལ་ཁང་གཱ་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་བྱེད་སྤྱོད་ཐད་བེད་སྤྱད་ཡོད་པ་དང་།