ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨུ་རུ་སུས་ནུབ་ཕྱོཊ་ནི་ཡུག་རེན་དམག་དོན་གྱི་ལྐོག་ཇུས་པ་རེད་ཅེས་་་

2023-05-05 14:29:00     责编:娜科

ཨུ་རུ་སུས་ནུབ་ཕྱོཊ་ནི་ཡུག་རེན་དམག་དོན་གྱི་ལྐོག་ཇུས་པ་རེད་ཅེས་བརྗོད།

 

      

     ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་27ཉིན།  ཨུ་རུ་སུའི་ཕྱི་འབྲེལ་པུའི་གཏམ་བཤད་པ་ཀྲ་ཧ་ལོའུ་ཝས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མངོན་སུམ་འཛེམ་མེད་ངང་ཁོ་ཚོ་ཡུག་རེན་གྱི་ཉམས་ཉེན་ནང་ཞུགས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཡུག་རེན་དམག་དཔུང་གིས་རྒོལ་ལན་སློག་ཏུ་འཇུག་རྒྱུ་ཡིན་ཚུལ་ཡོངས་བསྒྲགས་བྱས་པ་རེད།  ནུབ་ཕྱོགས་རྒྱལ་ཁབ་ནི་ཡུག་རེན་དམག་དོན་འཆར་འགོད་ཀྱི་ལྐོག་ཇུས་འདོན་མཁན་ཡིན་ཏེ།  དམག་ཇུས་ལ་མཛུབ་སྟོན་བྱས་མ་ཟད་འཐབ་ཇུས་འཆར་འགོད་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།

      ཡུག་རེན་གྱི་ཉམས་ཉེན་བྱུང་བ་ནས་བཟུང་བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱས་པ་དང་།  སྤྱི་ཚེས་27ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་སི་ཐོར་ཐེ་པེ་ཀེས་བྱང་ཆིངས་སྒྲིག་འཛུགས་ཀྱི་གྲུབ་ཆའི་རྒྱལ་ཁབ་ཀྱིས་ཡུག་རེན་ལ་ཁྲབ་འཁོར་1550དང་ཐན་ཁེ་230འདོན་སྤྲོད་བྱས་པ་དང་།  ཡུག་རེན་དམག་དཔུང་གི་གོ་ཁྲབ་དམག་ཤག་གསར་པ་9ལ་སྦྱོང་བརྡར་དང་གོ་མཚོན་སྤྲད་ཡོད་ཅེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཡུག་རེན་གྱིས་ཨུ་དམག་གི་ཚུར་རྒོལ་ཕར་བསྐྲད་པ་དང་་་་་

ཚེས་28ཉིན་ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་ནས་བསྟན་དོན། ཝུའུ་མན་དང་ཏེ་ནེ་པོ་རོ་སོགས་ས་ཁུལ་དུ་ཨུ་དམག་གི་འཕུར་མདའི་འཇབ་རྒོལ་ཕོག་པ་དང་།

中央广播电视总台 央广网 版权所有

▶ཨུ་རུ་སུས་ནུབ་ཕྱོཊ་ནི་ཡུག་རེན་དམག་དོན་གྱི་ལྐོག་ཇུས་པ་རེད་ཅེས་་་

ཡུག་རེན་གྱི་ཉམས་ཉེན་བྱུང་བ་ནས་བཟུང་བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚེས་27ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་སི་ཐོར་ཐེ་པེ་ཀེས་བྱང་ཆིངས་སྒྲིག་འཛུགས་ཀྱི་གྲུབ་ཆའི་རྒྱལ་ཁབ་ཀྱིས་ཡུག་རེན་ལ་ཁྲབ་འཁོར་