ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཡུག་རེན་གྱིས་ཨུ་དམག་གི་ཚུར་རྒོལ་ཕར་བསྐྲད་པ་དང་་་་་

2023-05-05 14:27:00     责编:娜科

ཨུ་རུ་སུས་ཡུག་དམག་བཅའ་སྡོད་བྱ་ཡུལ་ལ་རྡུང་རྡེག་དང་ཡུག་རེན་གྱིས་ཨུ་དམག་གི་ཚུར་རྒོལ་ཕར་བསྐྲད་པ།

 

      ཚེས་28ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་བརྡ་ཁྱབ་བཏང་དོན། ཨུ་དམག་གིས་ཞིབ་ཚད་མཐོ་བའི་མཚོན་ཆ་སྤྱད་ནས་ཡུག་དམག་གི་དམག་སྒར་ལ་རྡུང་རྡེག་རབ་དང་རིམ་པ་བཏང་སྟེ། ཡུག་དམག་གི་བྱ་སྤྱོད་བཀག་འགོག་བྱས་ཡོད་པ་རེད། ཨུ་རུ་སུ་ཕྱོགས་ཀྱི་འཕྲལ་རྒོལ་དམག་དཔུང་གིས་མུ་མཐུད་དུ་པ་ཧོ་མུའུ་ཐེའི་ནུབ་རྒྱུད་ས་ཁུལ་དུ་ཡུག་དམག་དང་ཚབ་དམག་ལ་རྡུང་རྡེག་བཏང་བ་མ་ཟད། ད་དུང་ཡུག་དམག་གིས་པ་ཧོ་མུའུ་ཐེར་གྲ་སྒྲིག་དམག་རུ་ཁག་གཏོང་སྤྲོད་བྱེད་པའི་རེ་ངན་མེད་པར་བཟོས་ཡོད། དེ་མིན། ཨུ་དམག་གིས་ཧོར་སུང་དང་ཏུན་ཉི་ཚི་ཁེ། ཁུའུ་ཕི་དབྱང་སི་ཁེ་སོགས་ཕྱོགས་སུ་ཡུག་དམག་གི་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་པ་རེད།

 

     ཚེས་28ཉིན་ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་ནས་བསྟན་དོན། ཝུའུ་མན་དང་ཏེ་ནེ་པོ་རོ་སོགས་ས་ཁུལ་དུ་ཨུ་དམག་གི་འཕུར་མདའི་འཇབ་རྒོལ་ཕོག་པ་དང་། ཡུག་དམག་གིས་ཨུ་དམག་གིས་འཕངས་པའི་འཕུར་མདའ་མང་པོ་རྡུལ་དུ་བརླགས་ཡོད་པ་རེད། ཡུག་རེན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པུས་ཚེས་28ཉིན་དམག་འཐབ་གནས་ཚུལ་སྤེལ་ནས་བསྟན་དོན། འདས་པའི་ཆུ་ཚོད་24ནང་ཡུག་རེན་དྲག་ཆས་དམག་དཔུང་གིས་ཨུ་དམག་གི་པ་ཧོ་མུའུ་ཐེ་སོགས་ཕྱོགས་སུ་སྤེལ་བའི་དཔུང་འཇུག་ཕྱིར་བཟློགས་པ་དང་། ཨུ་དམག་གི་མཁའ་ཟོན་མ་ལག་དང་། མི་ཤུགས་དང་དམག་ཆས་གཅིག་བསྡུས་ཁུལ་ལ་རྡུང་རྡེག་བཏང་ནས། རིགས་མི་འདྲ་བའི་མི་མེད་གནམ་གྲུ་མང་པོ་གཏོར་ཡོད་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། ཀླུ་འབུམ། 

འཛམ་གླིང་སྐར་ཁུངས།

▶ཡུག་རེན་གྱིས་ཨུ་དམག་གི་ཚུར་རྒོལ་ཕར་བསྐྲད་པ་དང་་་་་

ཚེས་28ཉིན་ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་ནས་བསྟན་དོན། ཝུའུ་མན་དང་ཏེ་ནེ་པོ་རོ་སོགས་ས་ཁུལ་དུ་ཨུ་དམག་གི་འཕུར་མདའི་འཇབ་རྒོལ་ཕོག་པ་དང་།

中央广播电视总台 央广网 版权所有

▶ཡུག་རེན་གྱིས་ཨུ་དམག་གི་ཚུར་རྒོལ་ཕར་བསྐྲད་པ་དང་་་་་

ཚེས་28ཉིན་ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་ནས་བསྟན་དོན། ཝུའུ་མན་དང་ཏེ་ནེ་པོ་རོ་སོགས་ས་ཁུལ་དུ་ཨུ་དམག་གི་འཕུར་མདའི་འཇབ་རྒོལ་ཕོག་པ་དང་།