ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

2023-05-16 09:15:00     责编:娜科

དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་ཐག་བཅད་པར་ཨུ་རུ་སུའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ།

 

 

 

     སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལརླུང་འཚུབ་ཀྱི་གྲིབ་མཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།

 

 

     གསལ་བསྒྲགས་ནང་། ཨུ་རུ་སུ་ཕྱོགས་ཀྱིས་བྱ་སྤྱོད་དེ་ནི་དབྱིན་ཇི་ཕྱོགས་ཀྱིས་ཡང་བསྐྱར་དགྲར་འཛིན་བྱ་སྤྱོད་ལག་ལེན་བསྟར་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཡུག་རེན་ལ་མཚོན་ཆ་སྐྱེལ་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་དང་། དེས་དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་ཁུལ་གྱི་དུས་བབ་ཇེ་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་དང་། ཅི་ཧྥུའུ་སྲིད་དབང་ལ་རྒྱང་རིང་གི་ཞིབ་ཚད་མཐོ་བའི་འཕུར་མདེལ་མ་ལག་མཁོ་འདོན་བྱས་པ་དེས་དབྱིན་ཇི་ཡུག་རེན་གྱི་གདོང་ཐུག་ནང་ཐེ་ཞུགས་བྱེད་ཚད་སྔ་ན་མེད་པའི་ཚད་གཞིར་སླེབས་པ་ར་སྤྲོད་བྱས་ཡོད་ཅེས་བསྟན་ཡོད།

 

 

 

 

     གསལ་བསྒྲགས་ནང་། དབྱིན་ཇིས་ས་བབ་ཆབ་སྲིད་ལག་རྩེད་དུ་བརྩི་བ་མ་ཟད། ཡུག་རེན་གྱི་གནད་དོན་སྤྱད་དེ་རང་ཉིད་བྱང་ཆིངས་སྒྲིག་འཛུགས་ཀྱིདངོས་གཞི་མིན་པའི་འགོ་ཁྲིད་དང་ཨུ་རུ་སུའི་འགྲན་ཡ་ཞིག་ཏུ་འགྱུར་བར་བྱེད་བཞིན་ཡོད། དབྱིན་ཇིས་མཚམས་ཐིག་ཡོད་ཚད་ལས་བརྒལ་ཏེ་གདོང་ཐུག་གི་གཏོར་བཤིག་རང་བཞིན་དང་མི་ཤི་རྨས་ཤོར་བའི་ཚད་གསར་པ་ཞིག་ཏུ་སླེབས་པར་འདོད་པ་ནི་གསལ་པོ་རེད་ཅེས་བསྟན་ཡོད།

གསལ་བསྒྲགས་ནང་ཨུ་རུ་སུས་དགོས་ངེས་ཀྱི་བྱ་ཐབས་ཡོད་ཚད་སྤྱོད་པའི་དབང་ཆ་སོར་འཇོག་བྱས་ནས་ཡུག་རེན་གྱིས་དབྱིན་ཇིའི་སྐོར་ཞིབ་འཕུར་མདེལ་སྤྱད་རྗེས་ཐོན་སྲིད་པའི་ཉེན་ཁ་སེལ་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

སྒྲིག་སྒྱུར། རིག་འཛིན་སྐྱིད།

 

原文来源:央视新闻
审稿:旦增
翻译:仁增吉

编辑&制作:娜科

འཛམ་གླིང་སྐར་ཁུངས།

▶རྒྱལ་ཁབ་དེར་ཆུ་ལོག་གི་རྐྱེན་ལས་མི་5500ལྷག་གར་སོང་ཆ་མེད་དུ་གྱུར།

ཉེ་ཆར། ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་ནན་ཅི་ཝུའུ་མངའ་སྡེ་རུ་བསྟུད་མར་དྲག་ཆར་བབས་ནས་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་ཐོན་པ་དང་། ཅི་ཝུའུ་མཚེའུ་ཡི་ནུབ་ངོགས་དང་ཐག་ཉེ་བའི་ཁ་ལའེ་ཧའེ་ས་ཁུལ་དུ་སྤྱི་ཟླ་5ཚེས་4ཉིན་གཙང་པོའི་རགས་ཁ་ཤོར་བས། གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པ་རེད།

中央广播电视总台 央广网 版权所有

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལ“རླུང་འཚུབ་ཀྱི་གྲིབ་མ”ཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།