ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨུ་རུ་སུ་དང་ཨ་རིས་དམག་དོན་ཐོག་ནས་འགྲན་རྒོལ་བྱེད་པའི་ཉེན་ཁ་་་

2023-04-30 10:31:00     责编:娜科

ཨུ་རུ་སུའི་དཔོན་རིགས་ཀྱིས་ཨུ་རུ་སུ་དང་ཨ་རིས་ཐད་ཀར་དམག་དོན་ཐོག་ནས་འགྲན་རྒོལ་བྱེད་པའི་ཉེན་ཁ་མུ་མཐུད་ཆེ་རུ་ཕྱིན་ཡོད་པར་བརྗོད་པ།

 

       ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མཚོན་ཆ་མི་མཆེད་པ་དང་ལྟ་སྐུལ་དོ་དམ་སིའི་སི་ཀྲང་ཡེར་མཱ་ཁོ་ཕུའུ་ཡིས།  ཉིན་ཤས་གོང་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་ལ་ཨུ་རུ་སུ་དང་ཉིང་རྡུལ་རྒྱལ་ཁབ་ཆེན་པོ་ཨ་རིའི་དབར་ཐད་ཀར་དམག་དོན་འགྲན་རྒོལ་བྱེད་པའི་ཉེན་ཁ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་མིག་སྔར་ཨུ་རུ་སུ་དང་ཁ་གཏད་དུ་ལངས་པའི་བགྲོད་ལམ་དེད་ནས་སོང་ན།《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ》ཡི་ལས་དབང་གཏན་འཁེལ་བྱས་ཡོད་ཅེས་བརྗོད་འདུག

    《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ་》 དེ་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་2010ལོར་མིང་རྟགས་བཀོད་པ་དང་2011ལོའི་ཟླ་2པའི་ཚེས་5ཉིན་གོ་ཆོད་པ་དང་གོ་ཆོད་དུས་ཚོད་10ཡིན་པ་རེད། 2021ལོའི་ཟླ་2པའི་ཚེས་3ཉིན་ཨུ་རུ་སུ་དང་ཨ་རིས་《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ》 ཡི་གོ་ཆོད་དུས་ཚོད་རིང་དུ་གཏོང་བའི་གྲོས་མཐུན་གྱི་འབྲེལ་ཡོད་གོ་རིམ་ལེགས་སྒྲུབ་བྱས་པ་དང་ཆིངས་ཡིག་གི་གོ་ཆོད་དུས་ཚོད་དེ་2026ལོའི་ཟླ་2པའི་ཚེས་5ཉིན་བར་ནར་འགྱངས་བྱས་པ་རེད། ཨུ་རུ་སུ་དང་ཨ་རིའི་དབར་གྱི《ཀྲུང་གོ་དང་ཨ་རིའི་དབར་གྱི་དམག་དོན་ཚོད་འཛིན་ཆིངས་ཡིག་》དེ་2019ལོར་རྩིས་མེད་དུ་སོང་རྗེས་ཆིངས་ཡིག་དེ་རྒྱལ་ཁབ་གཉིས་པོའི་དབར་གྱི་དམག་དོན་ཚོད་འཛིན་ཆིངས་ཡིག་འབའ་ཞིག་དུ་གྱུར་ཡོད།

 

     ན་ནིང་ཟླ་8པར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུ་གནས་སྐབས་ 《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ》 ནང་གི་སྒྲིག་བཀོད་ཞིབ་དཔྱད་ལམ་སྲོལ་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད། འདི་ལོའི་ཟླ་གཉིས་པར་ཨུ་རུ་སུས་ 《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ》 ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། ཟླ་3པར་ཨ་རིའི་ཕོ་བྲང་དཀར་པོས་ཨ་རིས་ཨུ་རུ་སུ་དང་ཉིང་རྡུལ་མཚོན་ཆ་དང་འབྲེལ་བའི་གྲངས་གཞི་ཁག་གཅིག་བརྗེ་རེས་བྱེད་མཚམས་བཞག་ནས་ཨུ་རུ་སུ་ཕྱོགས་ཀྱིས་ 《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ་》 གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བཤད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། སྒྲོལ་མ་མཚོ། 

འཛམ་གླིང་སྐར་ཁུངས།

ཐེ་ལན་དུ་ལོ་20རིང་བྲོས་པའི་ཉེས་ཅན་འདི་བཟུང་འདུག

ནན་ཅིན་གྱི་འགག་སྒོ་ཉེན་རྟོག་ཅུས་ཀྱིས་ཉེན་ཅན་སྦ་སྐུང་བྱེད་ཡུལ་རྒྱུས་ལོན་བྱུང་བ་ན། མྱུར་དུ་ལས་དོན་ཚོགས་ཆུང་བཙུགས་ནས་ཐེ་ལན་དུ་ཕྱིན་ཏེ་བདའ་འདེད་ཀྱི་ལས་དོན་སྤེལ། ཐེ་ལན་ལ་བཅའ་སྡོད་ཀྱི་ཉེན་རྟོག་འབྲེལ་གཏུག་པ་དང་ཐེ་ལན་ཁྲིམས་འཛིན་སྡེ་ཁག་གི་གཞོགས་འདེགས་འོག ལིན་ཆེ་གེ་མོ་མྱུལ་ཞིབ་འཛིན་བཟུང་གི་ལས་དོན་ལེགས་སྒྲུབ་བྱུང་སྟེ། རྒྱལ་ནང་དུ་ལྟ་སྐྱེལ་

中央广播电视总台 央广网 版权所有

▶ཨུ་རུ་སུ་དང་ཨ་རིས་དམག་དོན་ཐོག་ནས་འགྲན་རྒོལ་བྱེད་པའི་ཉེན་ཁ་་་

ན་ནིང་ཟླ་8པར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུ་གནས་སྐབས་ 《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ》 ནང་གི་སྒྲིག་བཀོད་ཞིབ་དཔྱད་ལམ་སྲོལ་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།