ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐེ་ལན་དུ་ལོ་20རིང་བྲོས་པའི་ཉེས་ཅན་འདི་བཟུང་འདུག

2023-04-30 10:30:00     责编:娜科

   འགག་སྒོ་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ཀྱི་མཛུབ་ཁྲིད་དང་མཐུན་སྦྱོར་འོག  ཉེ་ཆར། ནན་ཅིན་འགག་སྒོའི་ཉེན་རྟོག་ཅུས་ཀྱིས་རམ་བདའ་ཚོགས་ཆུང་ཐེ་ལན་ལ་མངགས་གཏོང་བྱས་ཏེ། ལོ་20ཙམ་ལ་བྲོས་བྱོལ་གཞའ་སྐུང་བྱས་ཤིང་། བདའ་འཛིན་བཀའ་རྒྱ་དམར་པོ་བཏང་ཡོད་པའི་ལྐོག་འདྲེན་དོགས་ཡོད་ཉེས་ཅན་ལིན་ཆེ་གེ་མོ་མྱུལ་ཞིབ་འཛིན་བཟུང་བྱས་ཡོད།

     སྐྱེས་པ་དེ་ནི་ལྐོག་འདྲེན་གྱི་གྱོད་འབྲེལ་ཉེས་ཅན་བྲོས་བྱོལ་པ་ལིན་ཆེ་གེ་མོ་ཡིན། 2003ལོའི་ཟླ་6པར་ནན་ཅིན་འགག་སྒོ་ཉེན་རྟོག་ཅུས་ཀྱིས་སྒོར་ཁྲི་7352དང་འབྲེལ་ཡོད་ཀྱི་ལྐོག་འདྲེན་གྱོད་གཞི་ཞིག་ལ་ཞིབ་བཤེར་རྩད་གཅོད་བྱེད་དུས། དོགས་ཡོད་ཉེས་ཅན་ཏེ། སྐབས་དེར་ཀྲེ་ཅང་མཚོ་ཐོག་རྒྱང་སྐྱོད་ཉ་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིན་ཆེ་གེ་མོས་གནས་ཚུལ་དེ་གོ་ནས་བྲོས་བྱོལ་བྱས། 

     ནན་ཅིན་གྱི་འགག་སྒོ་ཉེན་རྟོག་ཅུས་ཀྲེན་ཅང་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཧོ་ཧ་ཡིས། 2000ལོའི་ཟླ་12ནས་2003ལོའི་ཟླ་1བར་ལིན་ཆེ་གེ་མོས་མཚོ་ཐོག་རྒྱང་སྐྱོད་ཉ་ལས་རང་འཛིན་ཆུ་ཐོན་དངོས་རྫས་རྩ་ཆག་སྲིད་ཇུས་བེད་སྤྱོད་བྱས་ནས་ཐེ་ལན་དང་རྒྱ་གར་སོགས་རྒྱལ་ཁབ་ལས་མངགས་ཉོ་བྱས་པའི་མཚོ་ཉ་ཏུན་13296ལྐོག་འདྲེན་བྱས་པ་དེ། ཁེ་ལས་རང་བཟུང་གི་ཉ་ཡིན་ཞེས་རྫུན་གཤམ་བཤད་ནས་རྒྱལ་ཁབ་ལ་སྤྲོད་འོས་པའི་དཔྱ་ཁྲལ་སྒོར་ཁྲི་1670དེ་འཕྲོད་མེད་པར་བརྗོད།

     2003 ལོའི་ཟླ་9པར་ལིན་ཆེ་གེ་མོ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འཛིན་བཟུང་བྱེད་འོས་པའི་ཆོག་མཆན་སྤྲད། ཟླ12པར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་། ཡིན་ཡང་ལིན་ཆེ་གེ་མོ་བྲོས་བྱོལ་བྱས་རྗེས་ག་སོང་ཆ་མེད་དུ་གྱུར། འོན་ཀྱང་ནན་ཅིན་འགག་སྒོ་ཉེན་རྟོག་ཅུས་ཀྱིས་ཉེན་ཅན་དེ་བདའ་འདེད་འཛིན་བཟུང་གི་ལས་དོན་ནན་ཡང་སྐྱུར་མེད་པ་རེད། 

     ནན་ཅིན་གྱི་འགག་སྒོ་ཉེན་རྟོག་ཅུས་ཀྲེན་ཅང་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཧོ་ཧ་ཡིས།  ཁོ་བྲོས་བྱོལ་སོང་རྗེས་ང་ཚོས་ཆེད་དོན་མི་སྣ་རྩ་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་ཁོའི་སྤྱི་ཚོགས་འབྲེལ་བ་དང་མ་དངུལ་འགྲོ་འོང་ཞིབ་དཔྱད་བྱས་རྗེས། ཁོ་ཐེ་ལན་གྱི་ཁྱབ་ཁོངས་སུ་གཞའ་སྐུང་བྱས་ཡོད་ཉེན་ཆེ་བའི་བརྡར་ཤ་བཅད། ང་ཚོས་འགག་སྒོའི་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་བདེ་པུའུ་འཛིན་བཟུང་གཞུང་དོན་ཁང་ལ་སྙན་སེང་ཞུས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཉེས་ཅན་དེ་ཚོད་འཛིན་དང་འབྲོ་བྱོལ་གྱི་བར་སྟོང་ཇེ་ཆུང་དུ་གཏོང་དགོས་པའི་རེ་བ་ཞུས། དེ་དང་དུས་མཚུངས་སུ་ང་ཚོས་ནང་མི་བརྒྱུད་ནས་ཉེན་ཅན་དེ་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་སློབ་གསོའི་ལས་དོན་སྤེལ་ཡོད་ཅེས་བརྗོད། 

     ནན་ཅིན་གྱི་འགག་སྒོ་ཉེན་རྟོག་ཅུས་ཀྱིས་ཉེན་ཅན་སྦ་སྐུང་བྱེད་ཡུལ་རྒྱུས་ལོན་བྱུང་བ་ན། མྱུར་དུ་ལས་དོན་ཚོགས་ཆུང་བཙུགས་ནས་ཐེ་ལན་དུ་ཕྱིན་ཏེ་བདའ་འདེད་ཀྱི་ལས་དོན་སྤེལ། ཐེ་ལན་ལ་བཅའ་སྡོད་ཀྱི་ཉེན་རྟོག་འབྲེལ་གཏུག་པ་དང་ཐེ་ལན་ཁྲིམས་འཛིན་སྡེ་ཁག་གི་གཞོགས་འདེགས་འོག ལིན་ཆེ་གེ་མོ་མྱུལ་ཞིབ་འཛིན་བཟུང་གི་ལས་དོན་ལེགས་སྒྲུབ་བྱུང་སྟེ། རྒྱལ་ནང་དུ་ལྟ་སྐྱེལ་བྱས་ཏེ། ཁྲིམས་ལྟར་གོམ་གང་མདུན་སྤོས་ཀྱི་བརྟག་དཔྱད་ཞིབ་དཔྱད་དང་ལེན་བྱེད་དགོས་པ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། བྱམས་མཚོ། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུས་འཇར་མན་གྱི་ཕྱི་འབྲེལ་དཔོན་ཕྱིར་འབུད་བྱ་རྒྱུ་་་་

《གནད་བསྡུས་》ཞེས་པའི་འཇར་མན་གཟའ་འཁོར་དུས་དེབ་ཐོག་དེའི་གོང་ཕྱི་འབྲེལ་པུའི་པུའུ་ཀྲང་པེའར་པོ་ཁེས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་30ལྷག་ཙམ་མཐར་སྐྲོད་གཏོང་རྩིས་ཡོད་ཅེས་གནས་ཚུལ་སྤེལ་ཡོད།འཇར་མན་གྱི་ཕྱི་འབྲེལ་པུས་དེའི་ཐད་གཞུང་ཕྱོགས་ཀྱི་གསལ་

中央广播电视总台 央广网 版权所有

ཐེ་ལན་དུ་ལོ་20རིང་བྲོས་པའི་ཉེས་ཅན་འདི་བཟུང་འདུག

ནན་ཅིན་གྱི་འགག་སྒོ་ཉེན་རྟོག་ཅུས་ཀྱིས་ཉེན་ཅན་སྦ་སྐུང་བྱེད་ཡུལ་རྒྱུས་ལོན་བྱུང་བ་ན། མྱུར་དུ་ལས་དོན་ཚོགས་ཆུང་བཙུགས་ནས་ཐེ་ལན་དུ་ཕྱིན་ཏེ་བདའ་འདེད་ཀྱི་ལས་དོན་སྤེལ། ཐེ་ལན་ལ་བཅའ་སྡོད་ཀྱི་ཉེན་རྟོག་འབྲེལ་གཏུག་པ་དང་ཐེ་ལན་ཁྲིམས་འཛིན་སྡེ་ཁག་གི་གཞོགས་འདེགས་འོག ལིན་ཆེ་གེ་མོ་མྱུལ་ཞིབ་འཛིན་བཟུང་གི་ལས་དོན་ལེགས་སྒྲུབ་བྱུང་སྟེ། རྒྱལ་ནང་དུ་ལྟ་སྐྱེལ་