ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཡུག་རེན་གྱིས་ཨུ་རུ་སུའི་ཚུར་རྒོལ་ཕྱིར་ཟློག་བྱས་ཞེས་དང་ཨུ་རུ་་་

2023-04-12 15:17:00     责编:娜科

ཨུ་རུ་སུས་ཡུག་རེན་གྱི་འབར་རྫས་ལ་རྡུང་རྡེག་བཏང་ཞེས་དང་ཡུག་རེན་གྱིས་ཨུ་རུ་སུའི་ཚུར་རྒོལ་ཕྱིར་ཟློག་བྱས་ཞེས་བརྗོད་འདུག

 

      ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་བརྡ་ཁྱབ་སྤེལ་བའི་ནང་བསྟན་པར། ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ཕི་དབྱང་སི་ཁེ་དང་། ཧུང་ལི་མན། ཏུན་ཉེ་ཚེ་ཁེ། ཀྲ་པོ་ལུའོ་ར། ཧེའར་སུང་སོགས་ཀྱི་ཕྱོགས་ལ་ཕར་རྒོལ་བྱས་ནས་ཡུག་རེན་དམག་གི་ལྕགས་ཁྲབ་འཁོར་ལོ་དང་ཐན་ཁེ་མང་པོ་གཏོར་བ་དང་། འབར་རྫས་ཏུན་7000གསོག་ཉར་བྱས་པའི་སྒྲིག་ཆས་དང་ཡུག་རེན་དམག་གཞན་ཁ་ཤས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་རྡུང་རྡེག་བཏང་ཡོད་པ་དང་།  ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ཡུག་རེན་དམག་དཔུང་གི་ཧའེ་མ་སི་ཞེས་པའི་སྦུག་མང་མེ་ཤུགས་འཕུར་མདའི་མེ་སྒྱོགས་མ་ལག་དང་རླུང་འཚུབ་ཅེས་པའི་སྦུག་མང་མེ་ཤུགས་འཕུར་མདའི་མེ་སྒྱོགས་མ་ལག་མང་པོ་ཞིག་གིས་འཕངས་པའི་མེ་ཤུགས་འཕུར་མདེལ་མང་པོ་དང་གནམ་ལྕག-2རྟགས་ཅན་གྱི་དམག་འཐབ་འཕུར་མདའ་གཅིག་བཅས་བཀག་པ་དང་། དེ་བཞིན་ཡུག་རེན་དམག་གི་མི་མེད་གནམ་གྲུ་འགའ་གཏོར་ཡོད་པ་རེད། 

      ཚེས་9ཉིན་ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་དམག་འཐབ་ཚགས་པར་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཡུག་རེན་དྲག་ཆས་དཔུང་སྡེས་ཧུང་ལི་མན་དང་པ་ཧོ་མུའུ་ཐེ་སོགས་ཕྱོགས་བཞིའི་ཐད་ནས་ཕར་རྒོལ་ཐེངས་50ལྷག་ཙམ་བྱས་ཡོད་པ་དང་།  ཡུག་རེན་གྱི་མཁའ་དམག་གིས་ཨུ་རུ་སུའི་དམག་དཔུང་གི་མི་ཤུགས་དང་སྒྲིག་ཆས་གཅིག་སྡུད་ཁུལ་དང་། རྫས་མདེལ་མཛོད། མཁའ་ཟོན་ཁོངས་གཏོགས་ཀྱི་གཡུལ་ས་བཅས་ལ་རྡུང་རྡེག་བཏང་ནས་ཨུ་རུ་སུའི་དམག་དཔུང་གི་དབྱིབས་སྣ་ཚོགས་ཀྱི་མི་མེད་གནམ་གྲུ་མང་པོ་ཞིག་གཏོར་ཡོད་པ་བརྗོད་འདུག

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིར་འཇབ་རྒོལ་ཕོག་ནས་མི་44རྐྱེན་ལམ་དུ་ཤོར་འདུག

སོར་ཀེས་བདེ་འཇགས་དཔུང་སྡེས་དྲག་ཆས་པར་ཕར་རྒོལ་བྱས་པ་དང་འབྲེལ་ས་ཁུལ་དེའི་བརྟན་ལྷིང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

▶ཡུག་རེན་གྱིས་ཨུ་རུ་སུའི་ཚུར་རྒོལ་ཕྱིར་ཟློག་བྱས་ཞེས་དང་ཨུ་རུ་་་

ཚེས་9ཉིན་ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་དམག་འཐབ་ཚགས་པར་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཡུག་རེན་དྲག་ཆས་དཔུང་སྡེས་ཧུང་ལི་མན་