ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱལ་ཁབ་འདིར་འཇབ་རྒོལ་ཕོག་ནས་མི་44རྐྱེན་ལམ་དུ་ཤོར་འདུག

2023-04-12 15:15:00     责编:娜科

རྒྱལ་ཁབ་འདིའི་གྲོང་ཚོ་གཉིས་ལ་དྲག་ཆས་པའི་འཇབ་རྒོལ་ཕོག་ནས་མི་44རྐྱེན་ལམ་དུ་ཤོར་འདུག

 

     པུའུ་ཅི་ན་ཧྥ་སུའོ་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་8ཉིན་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་ས་ཧོ་ལེ་ཁུལ་ཆེན་གྱི་སའེ་ནོ་ཞིང་ཆེན་གྱི་གྲོང་ཚོ་གཉིས་ལ་ཉིན་ཤས་གོང་དྲག་ཆས་པས་འཇབ་རྒོལ་བྱས་ནས་མི་44རྐྱེན་ལམ་དུ་ཤོར་ཡོད་ལུགས་བརྗོད་པ་རེད།

 ས་ཧོ་ལེ་ཁུལ་ཆེན་གྱི་ཆུས་ཀྲང་སོར་ཀེས་གསལ་བསྒྲགས་སྤེལ་བའི་ནང་། དྲག་ཆས་པས་སྤྱི་ཚེས་6དང་སྤྱི་ཚེས་7ཉིན་གྱི་མཚན་མོར་མངའ་སྡེ་དེའི་སའེ་ཐེང་ཅ་གྲོང་རྡལ་ཉེ་འགྲམ་གྱི་གྲོང་ཚོ་གཉིས་སུ་བསྐྱོད་དེ་མི་སེར་44བསད་པ་དང་འབྲེལ་མི་མང་པོར་རྨས་སྐྱོན་ཕོག་པ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད་ཅེས་བཤད་འདུག

     སོར་ཀེས་བདེ་འཇགས་དཔུང་སྡེས་དྲག་ཆས་པར་ཕར་རྒོལ་བྱས་པ་དང་འབྲེལ་ས་ཁུལ་དེའི་བརྟན་ལྷིང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    སྤྱི་ལོ་2015ལོ་ནས་བཟུང་། པུའུ་ཅི་ན་ཧྥ་སུའོ་རུ་དྲག་ཆས་འཇབ་རྒོལ་གྱི་དོན་རྐྱེན་ཡང་ཡང་ཐོན་ནས་བདེ་འཇགས་ཀྱི་དུས་བབ་ཛ་དྲག་པོ་ཡོད་པ་རེད། ད་ལོའི་སྤྱི་ཟླ་2པའི་ཚེས་17ཉིན་དམག་ཕྱོགས་ཀྱི་དཔུང་སྡེ་ཞིག་ལ་ས་ཧོ་ལེ་ཁུལ་ཆེན་ཝུའུ་ཏ་ལན་མངའ་སྡེ་རུ་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་དམག་མི་51རྐྱེན་ལམ་དུ་ཤོར་ཡོད། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་རྒྱག་ཆེད། སྤྱི་ཟླ་3པའི་ཚེས་30ཉིན་ནས་བཟུང་པུའུ་ཅི་ན་ཧྥ་སུའོ་ཡི་ཁུལ་ཆེན་13ཁྲོད་ཀྱི་ཁུལ་ཆེན་8ཛ་དྲག་གི་རྣམ་པར་གནས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུས་ཨ་རིའི་གསར་འགོད་པས་གསང་མྱུལ་གྱི་ཉེས་པ་་་

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་30ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་བརྗོད་པར། ཨ་རིའི་གསར་འགོད་པ་ཀེར་ཧྲི་ཁོ་ཝུའེ་ཆིས་གསང་མྱུལ་གྱི་

中央广播电视总台 央广网 版权所有

རྒྱལ་ཁབ་འདིར་འཇབ་རྒོལ་ཕོག་ནས་མི་44རྐྱེན་ལམ་དུ་ཤོར་འདུག

སོར་ཀེས་བདེ་འཇགས་དཔུང་སྡེས་དྲག་ཆས་པར་ཕར་རྒོལ་བྱས་པ་དང་འབྲེལ་ས་ཁུལ་དེའི་བརྟན་ལྷིང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།