ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨུ་རུ་སུས་ཨ་རིའི་གསར་འགོད་པས་གསང་མྱུལ་གྱི་ཉེས་པ་་་

2023-04-11 09:23:00     责编:娜科

ཨུ་རུ་སུས་ཨ་རིའི་གསར་འགོད་པས་གསང་མྱུལ་གྱི་ཉེས་པ་བསགས་ཡོད་ཅེས་བཤད་པ།

 

     ཨུ་རུ་སུའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4པའི་ཚེས་7ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱི་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་ཨ་རིའིཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པརགྱི་མོ་སི་ཁོའི་ཡན་ལག་ཁང་གི་གསར་འགོད་པ་ཨའེ་ཝུན·ཀེར་ཧྲི་ཁོ་ཝུའེ་ཆིར་གསང་མྱུལ་གྱི་ཉེས་པ་ཡོད་པའི་ཞུ་གཏུག་དངོས་སུ་བྱས་ཡོད། ཀེར་ཧྲི་ཁི་ཝེ་ཆིས་ཨུ་རུ་སུ་ཕྱོགས་ཀྱིས་ཉེས་འགེལ་བྱས་པ་དེ་ཁས་ལེན་བྱས་མེད།

 

     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་30ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་བརྗོད་པར། ཨ་རིའི་གསར་འགོད་པ་ཀེར་ཧྲི་ཁོ་ཝུའེ་ཆིས་གསང་མྱུལ་གྱི་བྱེད་སྒོ་སྤེལ་བས་ཨུ་རུ་སུའི་ཡེ་ཁ་ཅེ་ལིན་པའོ་རུ་བཟུང་བ་དང་། ཀེར་ཧྲི་ཁོ་ཝུའེ་ཆིས་ཨ་རི་ཕྱོགས་ཀྱི་མཛུབ་སྟོན་ལྟར་ཨུ་རུ་སུའི་དམག་དོན་བཟོ་ལས་ཁེ་ལས་ཤིག་ལས་རྒྱལ་ཁབ་ཀྱི་གསང་བའི་ཆ་འཕྲིན་འཚོལ་བསྡུ་བྱས་ནས་འབྲེལ་ཡོད་ཆ་འཕྲིན་རག་ཐབས་བྱེད་སྐབས་རང་སར་བཟུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

མི་འདི་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཆགས་འདུག

ཨ་རིའི་Amazonཀུང་སིའི་མ་རྐང་རིན་གོང་ཆེས་ཆེར་ཆག་པས། དེའི་གསར་གཏོད་པ་ཅེ་ཧྥུའུ·པེ་སུའོ་སིའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་1140ཡིན་ཞིང་། དེ་སྤྱི་ལོ་2022ལོ་ལས་ཨ་སྒོར་དུང་ཕྱུར་570ཉུང་དུ་ཕྱིན་པ་དང་།

中央广播电视总台 央广网 版权所有

▶ཨུ་རུ་སུས་ཨ་རིའི་གསར་འགོད་པས་གསང་མྱུལ་གྱི་ཉེས་པ་་་

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་30ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་བརྗོད་པར། ཨ་རིའི་གསར་འགོད་པ་ཀེར་ཧྲི་ཁོ་ཝུའེ་ཆིས་གསང་མྱུལ་གྱི་