ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

མི་འདི་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཆགས་འདུག

2023-04-10 10:26:00     责编:娜科

       ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་4ཉིན། ཨ་རིའི་《ཧྥོར་བྷུ་སི་》(Forbes)དུས་དེབ་ཐོག་སྤྱི་ལོ་2023ལོའི་འཛམ་གླིང་གི་ཕྱུག་བདག་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཧྥ་རན་སེའི་རྒྱས་སྤྲོས་དངོས་རྫས་ཀྱི་སྒེར་སྡེམ་པ་ཆེན་པོ་LVMHསྡེ་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨའར་ནུའོ་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་དང་། ཐེ་སི་ལཱ་ཡི་དབུ་བཞུགས་ལག་བསྟར་དཔོན་མཱ་སི་ཁེ་ཨང་གཉིས་པ་ཆགས་པ་རེད། ཕྱུག་བདག་མིང་ཐོ་ནི་སྤྱི་ལོ་1987ལོ་ནས་བཟུང་ཁྱབ་བསྒྲགས་བྱེད་འགོ་ཚུགས་པ་ཡིན་ཞིང་། ཨར་ནུའོ་ལ་མཚོན་ན་ཐེངས་དང་པོར་ཕྱུག་བདག་ཨང་དང་པོ་ཆགས་པ་ཞིག་ཡིན།
 

 

 

      《ཧྥོར་བྷུ་སི་》དུས་དེབ་ཕྱོགས་ཀྱིས་སྤྱི་ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ནི་མི་སྒེར་གྱི་ལོ་ཧྲིལ་པོའི་རྒྱུ་ནོར་གྱི་དངོས་འབབ་རིན་ཐང་ལ་གཞིགས་ནས་ཨང་རིམ་བསྒྲིགས་པ་ཡིན་ཟེར། LVMHསྡེ་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨའར་ནུའོ་ཡི་རྒྱུ་ནོར་གྱི་དངོས་འབབ་རིན་ཐང་ལོ་གོང་མ་ལས་ཨ་སྒོར་དུང་ཕྱུར་500ལྷག་ཙམ་འཕར་ནས་ཨ་སྒོར་དུང་ཕྱུར་2110ལ་སླེབས་ཡོད། ཨའར་ནུའོ་ལ་མཚོན་ན་སྤྱི་ལོ་2022ལོ་ནི“འོད་སྟོང་འཕྲོ་བའི་ལོ་ཞིག་”ཡིན་པ་དང་། LVMHཡི་ཁེ་སྤོགས་ཀྱིས་ལོ་རྒྱུས་ཟིན་ཐོ་བཏོད་ཅིང་མ་རྐང་གི་རིན་གོང་18%འཕར་ཡོད།

 

 

       ཐེ་སི་ལཱ་ཀུང་སི་དང་། བར་སྣང་འཚོལ་ཞིབ་ཀུང་སི། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ངོ་དེབ་སོགས་གྲགས་ཅན་ཁེ་ལས་ཀྱི་སྦྱིན་བདག་ཡིན་པའི་མཱ་སི་ཁེ་ཡི་རྒྱུ་ནོར་དངོས་འབབ་རིན་ཐང་ཨ་སྒོར་དུང་ཕྱུར་1800ཟིན་ཞིང་། དེ་ལོ་གོང་མ་ལས་ཨ་སྒོར་དུང་ཕྱུར་350ཉུང་དུ་ཕྱིན་ཡོད་པ་རེད། 

     《ཧྥོར་བྷུ་སི་》དུས་དེབ་ཕྱོགས་ཀྱིས་མཱ་སི་ཁེ་འཛམ་གླིང་གི་ཕྱུག་བདག་དང་པོ་ནས་གཉིས་པར་གྱུར་པ་ནི་ཁོ་རང་ཉིད་ཀྱིས་བཟོས་པ་ཡིན་ཟེར། ན་ནིང་སྤྱི་ཟླ་བཞི་པར་ཨ་སྒོར་དུང་ཕྱུར་440ཡི་ཐོག་ནས་ངོ་དེབ་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་རྗེས། ཐེ་སི་ལཱ་ཡི་མ་རྐང་རིན་གོང་50%ཙམ་ཆག་པ་རེད། གཞན་ཡང་། ངོ་དེབ་ཉོ་སྒྲུབ་བྱ་ཆེད་མཱ་སི་ཁེ་ཡིས་ངོ་དེབ་ཀྱི་མ་རྐང་འཛིན་ཤོག་འབོར་ཆེན་བཙོངས་པས་མ་འཇོག་བྱེད་མཁན་གྱི་ཡིད་ཆེས་ལ་ཤུགས་རྐྱེན་ཐེབས་པ་རེད།
 

 

       ཨ་རིའི་Amazonཀུང་སིའི་མ་རྐང་རིན་གོང་ཆེས་ཆེར་ཆག་པས། དེའི་གསར་གཏོད་པ་ཅེ་ཧྥུའུ·པེ་སུའོ་སིའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་1140ཡིན་ཞིང་། དེ་སྤྱི་ལོ་2022ལོ་ལས་ཨ་སྒོར་དུང་ཕྱུར་570ཉུང་དུ་ཕྱིན་པ་དང་། ཨང་རིམ་གཉིས་པ་ནས་ཨང་གསུམ་པར་ཆག་པ་རེད། ཨང་བཞི་པ་དང་ལྔ་པ་ནི་ཨ་རིའི་Oracleཀུང་སིའི་མཉམ་འབྲེལ་གསར་འཛུགས་པ་ལ་ལི·ཨའེ་ལི་སེན་དང་གྲགས་ཅན་མ་འཇོག་པ་ཝོ་ལུན·པ་ཧྥེ་ཐེ་ཡིན་ཞིང་། ལོ་འཁོར་གྱི་རྒྱུ་ནོར་གྱི་དངོས་འབབ་རིན་ཐང་ཁག་སོ་སོར་ཨ་སྒོར་དུང་ཕྱུར་1070དང་དུང་ཕྱུར་1060ཡིན་པ་རེད། ད་ལོ་མི་2640《ཧྥོར་བྷུ་སི་》ཡི་འཛམ་གླིང་དུང་ཕྱུར་ཆིག་ཁྲིའི་ཕྱུག་བདག་གི་མིང་ཐོའི་ནང་ཚུད་ཡོད་མོད་ན་ནིང་ལས་མི་28ཉུང་དུ་ཕྱིན་ཡོད། བསྟུད་མར་ལོ་གཉིས་ལ་མིང་ཐོར་ཚུད་པའི་མི་གྲངས་ཉུང་དུ་ཕྱིན་ཡོད་པ་དང་། སྤྱི་ལོ་2022ལོའི་ཕྱུག་བདག་མིང་ཐོའི་ཁྲོད་ཀྱི་ཕྱུག་བདག་250ལྷག་ད་ལོ་མིང་ཐོར་ཚུད་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

པེར་ཀེ་ཚིས་འདི་ལྟར་བྱས་ན་གནད་དོན་ཐག་གཅོད་བྱེད་མི་ཐུབ་ཅེས......

ཡིན་ནའང་དེའི་ཕྱི་ཉིན་ཏེ་སྤྱི་ཟླ་3ཚེས་22ཉིན་ཁེ་གཉེར་མིན་པའི་རྩ་འཛུགས་ཤིག་གིས་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་ནས། མིས་བཟོས་རིག་ནུས་ཀྱི་ཚོད་ལྟ་ཆེ་གྲས་བྱེད་མཚམས་བཞག་ནས། དེའི་ཉེན་ཁར་དཔྱད་དཔོག་

中央广播电视总台 央广网 版权所有

མི་འདི་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཆགས་འདུག

ཨ་རིའི་Amazonཀུང་སིའི་མ་རྐང་རིན་གོང་ཆེས་ཆེར་ཆག་པས། དེའི་གསར་གཏོད་པ་ཅེ་ཧྥུའུ·པེ་སུའོ་སིའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་1140ཡིན་ཞིང་། དེ་སྤྱི་ལོ་2022ལོ་ལས་ཨ་སྒོར་དུང་ཕྱུར་570ཉུང་དུ་ཕྱིན་པ་དང་།