ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཐེ་རོན་ཕུས་རང་ཉིད་འཛིན་བཟུང་བྱ་སྲིད་པ་བརྗོད་འདུག

2023-04-03 17:16:00     责编:娜科

     ཀྲུང་གོ་གསར་འགྱུར་ཁང་ནས་སྤྱི་ཟླ་3ཚེས་18ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཚེས་18ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་སྤྱི་འབྲེལ་དྲ་བའི་ཐོག་རྩོམ་ཡིག་སྤེལ་ནས་ཁོང་རང་གཟའ་མིག་དམར་(སྤྱི་ཚེས་21)ཉིན་ཉིའུ་ཡོག་ཏུ་འཛིན་བཟུང་བྱ་སྲིད་པའི་སྐོར་བརྗོད་ཡོད། ཉིན་དེར་ཉིའུ་ཡོག་ཁྲིམས་འཛིན་སྡེ་ཚན་གྱིས་ཐེ་རོན་ཕུ་ཁྲིམས་ལ་སྦྱར་བ་དང་འབྲེལ་ཁོང་མན་ཧ་ཏུན་ཁྲིམས་རར་དོན་རྒྱུར་བདེ་འཇགས་འགན་ལེན་བྱེད་པའི་ཐད་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་བརྗོད་ཡོད།

     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཚེས་18ཉིན་ཐེ་རོན་ཕུས་རང་གིས་བཏོད་པའི་སྤྱི་འབྲེལ་དྲ་བའི་ཐོག་རྩོམ་ཡིག་སྤེལ་ནས་ཉིའུ་ཡོག་ཞིབ་དཔྱོད་ཕྱོགས་ཀྱིས་གྱོད་གཞི་ཞིག་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཁོང་གིས་ཚོད་བགམ་བྱས་པ་ལྟར་ན་རང་ཉིད་གཟའ་མིག་དམར་ཉིན་འཛིན་བཟུང་བྱ་སྲིད་པས་རྒྱབ་སྐྱོར་བྱེད་མཁན་ཚོས་དེར་ངོ་རྒོལ་བྱས་ཏེ་ཁོང་གིས་“རྒྱལ་ཁབ་ཕྱིར་འཕྲོག”བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་འབོད་བྱས་ཡོད།

 

     ཉེ་ཆར། དཔོན་རིགས་ཤིག་གིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཐེ་རོན་ཕུ་ལ་ཨ་རིའི་འདོད་སྲེད་གློག་བརྙན་འཁྲབ་མཁན་གྲགས་ཅན་ཏན་ཉིའར་སིར་གསང་བ་ཕྱི་ལ་མི་གྱར་བའི་ཆེད་གླ་དངུལ་སྤྲོད་པའི་དོགས་གཞི་ཡོད་པས། ཉེ་དུས་ཉིའུ་ཡོག་ཞིབ་དཔྱོད་ཕྱོགས་ཀྱིས་ཞུ་གཏུག་བྱ་སྲིད་པ་བསྟན་ཡོད། ཏན་ཉིའར་སི་ཡིས་དེ་སྔོན་ཁོང་དང་ཐེ་རོན་ཕུའི་དབར་2006ལོར་གཉེན་སྒྲིག་མིན་པའི་བརྩེ་དུང་བྱུང་མྱོང་ཡོད་པ་མ་ཟད། དོན་དེ་ཕྱི་ལ་མི་བཤད་ཆེད། 2016ལོའི་འདེམས་བསྐོ་ཆེན་མོའི་སྐབས་སུ་ཁྲིམས་རྩོད་པ་བརྒྱུད་ཁོང་ལ་ཨ་སྒོར་ཁྲི་13སྤྲད་པའི་སྐོར་བརྗོད་ཡོད། ཐེ་རོན་ཕུས་དོན་དེ་ཁས་ལེན་གཏན་ནས་བྱས་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

▶ཐེ་རོན་ཕུས་རང་ཉིད་འཛིན་བཟུང་བྱ་སྲིད་པ་བརྗོད་འདུག