རྒྱ་གར་དང་ཕ་ཁི་སི་ཐན་ནས་ཕན་ཚུན་དབར་མི་མེད་གནམ་གྲུས་འཇབ་རྒོལ་བྱས།
སྤྱི་ཚེས་8ཉིན་ཕ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་ཆའོ་ཏུའུ་ལི་ཡིས། རྒྱ་གར་གྱི་མི་མེད་གནམ་གྲུས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་8ཉིན་གྱི་ཐོ་རེངས་ནས་བཟུང་ཕ་ཁི་སི་ཐན་གྱི་མངའ་ཁོངས་སུ་མུ་མཐུད་བཙན་འཛུལ་བྱས་པས། མིག་སྔར་མི་3རྐྱེན་ལམ་དུ་ཤོར་བ་དང་མི་4ལ་རྨས་སྐྱོན་ཕོག་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ལ་ཧའར་དང་ལ་ཝའར་ཕིན་ཏི། ཁ་ལ་ཆི་སོགས་ས་ཆར་རྒྱ་གར་གྱི་མི་མེད་གནམ་གྲུ་29གཏོར་ལྷུང་བཏང་ཡོད་ཅེས་བརྗོད་འདུག
སྤྱི་ཚེས་8ཉིན་རྒྱ་གར་གྱི་རྒྱལ་སྲུང་པུའུ་ཀྲང་ལ་ཅེ་ནཱ་ཐེ·ཤིན་ཀེར་གྱིས། རྒྱ་གར་ཕྱོགས་ནས་ཕ་ཁི་སི་ཐན་ལ་སྤེལ་བའི“མཚལ་རྒོད་བྱ་སྤྱོད”ཅེས་པ་དེ་མིག་སྔའི་ཆར་མུ་མཐུད་སྤེལ་མུས་ཡིན། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་7ཉིན་ནས་8ཉིན་གྱི་མཚན་མོའི་བར་ཕ་ཁི་སི་ཐན་ཕྱོགས་ཀྱིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་རྒྱ་གར་གྱི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་དམག་དོན་དམིགས་འབེན་མང་པོ་ཞིག་ལ་འཇབ་རྒོལ་བྱས་ཀྱང་ཚང་མ་རྒྱ་གར་ཕྱོགས་ཀྱི་མཁའ་ཟོན་མ་ལག་གིས་ཕམ་ཉེས་སུ་བཏང་ཟིན་ཞེས་བརྗོད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།