ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱ་གར་ནས་ཕ་ཁི་སི་ཐན་དམག་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད་པ།

2025-04-28 15:14:00     责编:娜科

   རྒྱ་གར་ཨ་ཤེ་ཡ་གསར་འགྱུར་ཁང་སོགས་རྒྱ་གར་སྨྱན་སྦྱོར་གྱིས་དམག་ཕྱོགས་ནས་སྤེལ་བའི་ཆ་འཕྲིན་དྲངས་ནས་བརྗོད་དོན། ཚེས་26ཉིན་གྱི་མཚན་མོ་ནས་ཚེས་27ཉིན་གྱི་ཐོ་རེངས་བར། ཕ་ཁི་སི་ཐན་དམག་གི་སོ་ལྟ་ཁང་ནས་ཀ་ཤི་སྨིར་གྱི་ཚོད་འཛིན་ ས་ཐིག་ཉེ་འགྲམ་དུ་མཚོན་ཆ་ཆུང་གྲས་སྤྱད་ནས་ཚུར་རྒོལ་བྱས་ཡོད་པས། རྒྱ་གར་དམག་གིས་ཀྱང་མཚོན་ཆ་ཆུང་གྲས་སྤྱད་ནས་རྒོལ་ལན་ཡག་པོ་སློག་ཡོད་ཅེས་བརྗོད་ཡོད། གནས་སྐབས་རིང་མི་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད། 

 

2b0ec65c2e644fd6b01804df9783401a.jpg

 

ཕ་ཁི་སི་ཐན་ཕྱོགས་ནས་དོན་དེའི་ཐད་གནས་སྐབས་ལན་ཆ་བྱས་མེད་པ་རེད།

དེ་ཡང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཚེས་22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་སྟེ། དྲག་ཆས་མི་སྣ་3གྱིས་ཡུལ་སྐོར་བར་ཕྱོགས་ནས་མེ་མདའ་བརྒྱབ་པས། མི་26རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི་17ལ་རྨས་སྐྱོན་ཕོག་ཡོད། མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་རྗེས། རྒྱ་གར་སྲིད་གཞུང་གིས་རྒྱ་གར་དང་ཕ་ཁི་སི་ཐན་གྱི་འབྲེལ་བའི“རིམ་པ་དམའ་རུ་གཏོང་བའི”བྱ་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་རྒྱ་གར་དང་ཕ་ཁི་སི་ཐན་གྱིས་1960ལོར་མིང་རྟགས་བཀོད་པའི《ཧིན་རྡུ་ཆུ་བོའི་ཆུ་བེད་སྤྱོད་ཆིངས་ཡིག》ལག་བསྟར་བྱེད་མཚམས་འཇོག་རྒྱུ་དང་། མཐའ་མཚམས་འགག་སྒོ་རྒྱག་རྒྱུ། ཕ་ཁི་སི་ཐན་ཕྱོགས་ཀྱི་མི་སྣ་ཕྱིར་འབུད་གཏོང་རྒྱུ་སོགས་ཚུད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྒོལ་གཏམ་མཐའ་གཅིག་ཏུ་གཏོང་རྒྱུ་དང་། རྒྱ་གར་ཕྱོགས་ཀྱིས་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ཕ་ཁི་སི་ཐན་ཕྱོགས་དང་འབྲེལ་བ་བྱ་རྩིས་བྱས་པ་ནི“ཧོལ་རྒྱུག་ཆེ་ལ་དཔྱོད་ཤེས་མིན་པ་དང་། གཏན་ཚིགས་དང་མི་མཐུན་པ”ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད། ཕ་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱིས་ཝ་ཀེ་ཧོའི་མཐའ་མཚམས་འགག་སྒོ་རྒྱག་རྒྱུ་དང་། རྒྱ་གར་གྱི་སྤྱི་དམངས་ལ་སྤྲད་པའི་འཐུས་མཆན་ལག་ཁྱེར་ཁག་གཅིག་མེད་པ་བཟོ་རྒྱུ། ཕ་ཁི་སི་ཐན་དུ་བཅའ་སྡོད་རྒྱ་གར་གྱི་མཐོ་རིམ་ཀྲོན་ཡོན་ཀུང་ཧྲུའུ་ཡི་དྲག་དཔོན “དགའ་བསུ་མི་ཐོབ་པའི་མི”ཡིན་པ་ཁྱབ་བསྒྲགས་བྱ་རྒྱུ། རྒྱ་གར་གྱི་མཁའ་འགྲུལ་ཀུང་སིར་མངའ་ཁོངས་བར་སྣང་སྤྱོད་མི་ཆོག་པ་བཟོ་རྒྱུ། རྒྱ་གར་བར་གྱི་ཉོ་ཚོང་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱས་པའི་ཐད་ཀྲུང་གོ་དང་ཡོ་རོབ་ཀྱིས་་་་་

ཕྱི་འབྲེལ་པུའུ་ཡིས་ཚེས་14ཉིན། ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱས་པའི་ཐད་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་གཏུག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག

中央广播电视总台 央广网 版权所有

རྒྱ་གར་ནས་ཕ་ཁི་སི་ཐན་དམག་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད་པ།

དེ་ཡང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཚེས་22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་སྟེ། དྲག་ཆས་མི་སྣ་3གྱིས་ཡུལ་སྐོར་བར་ཕྱོགས་ནས་མེ་མདའ་བརྒྱབ་པས།