ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གློག་སྐས་བཟོ་མཁན་ཁེ་ལས་ཤིག་གནམ་གྲུ་བཟོ་མཁན་དུ་ཇི་ལྟར་འགྱུར་རམ།

2024-04-25 17:22:00     责编:卓玛才让

     རྒྱལ་ཐོན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919ཚོང་ལས་འཕུར་སྐྱོད་དང་ཐོན་འབོར་མང་དུ་བཏང་རྗེས། གནམ་གྲུའི་ལྷུ་ལག་མཁོ་སྤྲོད་བྱེད་པའི་མྱུར་ཚད་ཀྱང་དེ་མཚུངས་ཀྱིས་མགྱོགས་སུ་སོང་ཡོད། གནམ་གྲུའི་འཕྲལ་སྒྲུབ་སྒོའི་གློག་འཕྲུལ་གྲུ་སྒོ་དང་རམ་འདེགས་སྒུལ་ཤུགས་སྒྲིག་སྦྱོར་སྒོ་ཐོན་སྐྱེད་བྱེད་མཁན་ཀྲེ་ཅང་ཤིའི་ཙེ་ཧྲེ་པི་རུའེ་མཁའ་འགྲུལ་བཟོ་ལས་ཚད་ཡོད་ཀུང་སིས་ད་ལོ་ཟླ་བ་རེར་ཐོན་སྐྱེད་བྱས་པའི་སྒོའི་ཁ་གྲངས་དེ་ན་ནིང་གི་ལོ་ཧྲིལ་པོའི་འབོར་ཚད་དང་འདྲ་མཚུངས་ཡིན་པ་རེད། ད་ལོ་ཁོ་ནར། འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ C919ཁྱོན་40ལྷག་རྩིས་སྤྲོད་བྱ་དགོས་ཀྱི་ཡོད།

     བསམ་ཡུལ་ལས་འདས་པ་ཞིག་ལ། ཐོན་སྐྱེད་ནུས་ཚད་མཐོ་བའི་ཁེ་ལས་དེའི་སྔོན་མའི་ལས་སྒོ་གཙོ་བོ་ནི་གློག་སྐས་དང་ཁྲོ་ཐབ་ཐོན་སྐྱེད་བྱ་རྒྱུ་དེ་རེད། བདེ་སྡོད་ཉེན་བསམ་གྱི་བསམ་པ་བཅངས་ཏེ་ཁོང་ཚོས་ཁྲོ་ཐབ་དང་གློག་སྐས་ཐོན་སྐྱེད་བྱས་པ་ལས་བྱུང་བའི་མ་དངུལ་དེ་དག་གནམ་གྲུའི་ལྷུ་ལག་ཞིབ་བཟོ་བྱེད་པའི་ཐད་སྤྱད་དེ་རྩེར་སོན་བཟོ་སྐྲུན་ཁྱབ་ཁོངས་སུ་དཔུང་སྐྱོད་བྱས་ཡོད།

      མིག་སྔའི་བར། ཁེ་ལས་དེར་དམིགས་བསལ་བཟོ་རྩལ་གྱི་ཐོབ་ཐང་དཔང་ཡིག་ཁག་344རག་པ་དང་། ཐོབ་ཐང་དཔང་ཡིག་རག་ཐེངས་རེ་ལས་མཁའ་འགྲུལ་ཁྱབ་ཁོངས་ཕྱོགས་སུ་སླར་ཡང་གོམ་པ་གང་སྤོས་པ་དང་གཅིག་མཚུངས་ཡིན། འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919ཡི་མཁོ་སྤྲོད་ཚོང་པའི་ཐོབ་ཐང་ཡོད་པས་ཁེ་ལས་དེས་རྒྱལ་སྤྱིའི་ཁྲོམ་ར་གཏོད་རྒྱུར་ཡང་རོགས་རམ་གང་མང་ཐུབ་ཡོད།

     འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919ཡི་མཁོ་སྤྲོད་ཚོང་པ་ཡིན་པའི་ཆ་ནས། ཁེ་ལས་དེའི་བསམ་ཕྱོགས་ནི་རྩེར་སོན་བཟོ་སྐྲུན་ཁྱབ་ཁོངས་སུ་དཔུང་འཇུག་བྱ་རྒྱུ་དེ་རེད། མ་གཞི་མདུན་ཕྱོགས་ཀྱི་ལམ་ཁར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་ཀྱང་། རྩེར་སོན་གྱི་ལམ་ལ་འཇུག་པའི་བརྒྱུད་རིམ་ནང་གོམ་པ་རིམ་བགྲོས་ཀྱིས་སྤོས་ན་མཐར་རུ་སྟར་དེའི་མདུན་ཕྱོགས་སུ་སླེབས་རྒྱུ་ནི་སྨོས་མི་དགོས་པ་ཞིག་རེད།

中央广播电视总台 央广网 版权所有

གློག་སྐས་བཟོ་མཁན་ཁེ་ལས་ཤིག་གནམ་གྲུ་བཟོ་མཁན་དུ་ཇི་ལྟར་འགྱུར་རམ།

རྒྱལ་ཐོན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919ཚོང་ལས་འཕུར་སྐྱོད་དང་ཐོན་འབོར་མང་དུ་བཏང་རྗེས།