ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་སྐོར་གྱི་གནས་ཚུལ་གསར་ཤོས།

2024-04-24 17:24:00     责编:娜科

  ཚེས་22ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་ཨུ་རུ་སུའི་དམག་གིས་ཡུག་རེན་དམག་གི་མཁའ་ཟོན་གཡུལ་ས་དང་མི་མེད་གྲུ་གཟིངས་གསོག་ཉར་ས་ཚིགས་སོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་ནས། ཡུག་རེན་དམག་གི་མི་མེད་གནམ་གྲུ་240གཏོར་ལྷུང་བཏང་ཡོད། ཨུ་རུ་སུའི་དམག་གིས་ད་དུང་ཏུན་ཉི་ཚེ་ཁེ་ས་ཁུལ་གྱི་དམག་འཐབ་ལ་འཕེལ་རིམ་གསར་པ་ཐོབ་པ་དང་། ཉེ་དུས་ཡུལ་མིའི་སྡོད་གནས་མང་པོ་ཞིག་ཚོད་འཛིན་བྱས་ཡོད་ཅེས་བརྗོད་པ་རེད། ཡུག་རེན་ཕྱོགས་ཀྱིས་ཉིན་དེར་ཡུག་རེན་དམག་གིས་ཨུ་རུ་སུའི་མི་སྣ་མང་པོ་དང་དམག་དོན་སྒྲིག་ཆས་གཅིག་སྡུད་ཁུལ། མཁའ་ཟོན་མ་ལག་དང་བཀོད་འདོམས་ཁང་བཅས་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད།  

 

 

ཡུག་རེན་ཕྱོགས་ཀྱིས་ད་དུང་ཚེས་22ཉིན་ཨུ་རུ་སུའི་དམག་གིས་ཧོར་ཁོ་ཧྥུ་ཡི་བརྙན་འཕྲིན་མཐོ་ལྕོགས་ཤིག་ལ་འཇབ་རྒོལ་བྱས་པས་ས་གནས་དེ་གའི་བརྙན་འཕྲིན་བརྡ་རྟགས་ཆད་ཡོད་ཅེས་བཤད་པ་རེད། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས། མཐོ་ལྕོགས་དེའི་ཐོག་ཡུག་རེན་གྱི་མཁའ་ཟོན་འཕྲིན་གཏོང་མ་ལག་བཙུགས་ཡོད་ཅེས་བརྗོད་པ་རེད། ཨུ་རུ་སུའི་གཞུང་ཕྱོགས་ནས་དོན་དེའི་ཐད་ལན་ཆ་བྱས་མེད་པ་རེད།

 

 

 

ཨུ་རུ་སུས་གལ་ཏེ་ཕོ་ལན་གྱི་མངའ་ཁོངས་ནང་ཨ་རིའི་ཉིང་རྡུལ་མཚོན་ཆ་ཡོད་ཚེ། གང་དེ་ཨུ་རུ་སུའི་ཁྲིམས་མཐུན་གྱི་རྡུང་རྡེག་གཏོང་ཡུལ་དུ་འགྱུར་ངེས་ཡིན་ཞེས་བརྗོད་པ།

ཚེས་22ཉིན་ཕོ་ལན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཕོ་ལན་གྱིས་རང་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་བྱང་ཆིངས་མནའ་གྲོགས་ཀྱི་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བཤད་པ་རེད། ཚེས་22ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་བཀྲ་ཧ་ལུའོ་ཝ་ཡིས། གལ་ཏེ་ཕོ་ལན་གྱི་མངའ་ཁོངས་ནང་ཨ་རིའི་ཉིང་རྡུལ་མཚོན་ཆ་ཐོན་ཚེ། འབྲེལ་ཡོད་སྒྲིག་བཀོད་དེ་ཨུ་རུ་སུ་ཕྱོགས་ཀྱིས་འཕྲལ་མར་ཁྲིམས་མཐུན་ངང་རྡུང་རྡེག་གཏོང་བའི་དམིགས་འབེན་དུ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

 

 

རྒྱལ་སྤྱིའི་མི་སྣས་ཨུ་རུ་སུ་དང་ཡུག་རེན་བར་གྱི་གདོང་ཐུག་དེ་ནི་ཨ་རིས་གཙོ་བོར་བྱས་པའི་བྱང་ཆིངས་ལས་ཐོན་པ་དང་། ཨ་རི་དང་བྱང་ཆིངས་སྒྲིག་འཛུགས་ཀྱིས་རྒྱུན་ཆད་མེད་པར་མེ་ཚ་བའི་སྒང་ལ་ཤིང་གཤགས་པའི་དཔེ་ལྟར་བྱས་པས་གདོང་ཐུག་མུ་མཐུད་ཚབས་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། རྡོ་ཐར། 

中央广播电视总台 央广网 版权所有

▶ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་སྐོར་གྱི་གནས་ཚུལ་གསར་ཤོས།

ཨ་རི་དང་བྱང་ཆིངས་སྒྲིག་འཛུགས་ཀྱིས་རྒྱུན་ཆད་མེད་པར་མེ་ཚ་བའི་སྒང་ལ་ཤིང་གཤགས་པའི་དཔེ་ལྟར་བྱས་པས་གདོང་ཐུག་མུ་མཐུད་ཚབས་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད།