ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བར་སྣང་གི་ངོ་མཚར་གཟིགས་མོ།

2024-04-24 11:33:00     责编:娜科

   ཡངས་པའི་འཇིག་རྟེན་ཁམས་ན། ང་ཚོ་སའི་གོ་ལ་འདིའི་ངོ་མཚར་ལས་མི་སེམས་འགུལ་བའི་རང་བྱུང་གི་རི་མོ་རེ་རེ་གྲུབ་ཡོད་ཅིང་། རྟོག་ཞིབ་བྱེད་མཁན་མི་རྣམས་ཀྱི་འདྲེན་བྱེད་དབང་པོ་འཕྲོག་པར་བྱེད། 

བར་སྣང་ནས་སའི་གོ་ལར་བལྟ་སྐབས། མཐའ་ཡས་ཀྱི་རྒྱ་མཚོ་ནི་སའི་གོ་ལའི་འཕར་མཆོང་གི་སྙིང་དང་འདྲ་བར། ཚེ་སྲོག་གི་དབྱངས་རྟ་སྒྲོག་པ་དང་། ལྷད་མེད་ཀྱི་རྣམ་ཤེས་ཤིག་ལས་འཛམ་གླིང་འདིར་བརྩེ་བའི་རེ་འབོད་བྱེད།  

 

ཐང་ཧུང་པོ་ཡིས་པར་དུ་བླངས།

 

གསན་དང་། རྒྱ་མཚོ་ཆེན་པོ་ལས་འཁུན་སྒྲ་འདོན་བཞིན་འདུག འདི་ནི་ཚེ་སྲོག་གི་བསྟོད་གླུ་རེད། 

འདི་ནི་རང་བྱུང་ཁམས་ཀྱི་རང་གཤིས་ཡིན་ཞིང་། ང་ཚོའི་ཆགས་ས་བརྟེན་ས་ཡིན་ལ། ང་ཚོའི་མ་འོངས་ཀྱི་རེ་བ་ཡང་ཡིན། 

 

ཐང་ཧུང་པོ་ཡིས་པར་དུ་བླངས།

 

བར་སྣང་ནས་ཕྱིར་བལྟ་བྱེད་སྐབས། རིང་དུ་བསྲིངས་པའི་རི་རྒྱུད་ནི་སའི་གོ་ལའི་སྒལ་གཞུང་དང་འདྲ། 

 

ཡར་འབྲོག་གཡུ་མཚོ།-ཡར་ཀླུང་གཙང་པོ།-གོང་དཀར་གནམ་གྲུ་ཐང་།-ལྷ་ས།

 ཐང་ཧུང་པོ་ཡིས་པར་དུ་བླངས།

 

ས་གཞི་ཆེན་མོའི་དབྱིབས་གཟུགས་བཀོད་ཅིང་། འགྱུར་མེད་ཀྱི་རྣམ་འགྱུར་བཟུང་ནས་དུས་ཀྱི་འཁོར་འདས་དལ་གྱི་གསལ་བར་བྱེད། 

 

ཐང་ཧྲེང་ཅེས་པར་དུ་བླངས།

 

གསན་དང་། གྲོག་རོང་ན་རླུང་གིས་བྲག་ཆ་ལྡིར་ཞིང་། རི་རྩེ་ན་ཁ་བས་སྙིང་གཏམ་བརྗོད་བཞིན་འདུག འདི་ནི་རང་བྱུང་ཁམས་ཀྱི་སྟོབས་ཤུགས་རེད་ལ། མྱུལ་དཔྱད་མཁན་གྱི་ཕུགས་འདུན་རེད། དེ་བས་ང་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་ཀྱང་རེད། 

 

དབྱི་སེ་ཁེ་མཚེའུ། ཐང་ཧུང་པོས་པར་དུ་བླངས། 

 

བར་སྣང་ནས་ཕྱིར་བལྟ་བྱེད་སྐབས། ཡངས་པའི་ས་གཞི་ནི་སྐྱེ་དངོས་ཀྱི་དོ་ར་བཞིན་རྣམ་པ་འདྲ་མིན་གྱི་ཐོག་ནས་ལོ་ཟླའི་དུས་ཀྱི་འགྱུར་བ་མངོན་པར་བྱེད།

 

ཐང་ཧུང་པོས་པར་དུ་བླངས། 

 

གཟིགས་དང་། ཚོན་གཞོང་གི་རྣམ་བཀྲའི་མཛེས་སྡུག་དང་འདྲ་བར་དུས་བཞིའི་འགྱུར་བ་གསལ། འདི་ནི་རང་བྱུང་ཁམས་ཀྱི་ཁ་དོག་རེད་ལ། ཤེས་དཔལ་གྱི་རྨང་གཞི་རེད། དེ་བས་ང་ཚོའི་རྣམ་ཤེས་ཀྱི་ཆགས་ས་དེ་ཡང་རེད། 

 

མཚོ་སྔོན་པོ།-ཚ་རྔ་འགག ཐང་ཧུང་པོས་པར་དུ་བླངས།

 

བར་སྣང་གི་རྒྱང་དུ་བལྟ་སྐབས། སྐར་ཚོགས་རབ་ཏུ་འཚེར་ཞིང་། སའི་གོ་ལའི་རྨི་ལམ་གྱི་ཞིང་དུ་འཁྲུལ། 

 

ཐང་ཧྲེང་ཅེས་པར་དུ་བླངས། 

 

འཇིག་རྟེན་གྱི་གསང་བ་གསལ་ཞིང་། རབ་ཏུ་འཚེར་བའི་འོད་སྣང་ལས་མིའི་རིགས་ཀྱིས་འབྱུང་འགྱུར་ལ་ཤེས་རྟོགས་བྱེད་པའི་ངར་ཤུགས་འཕེལ་བར་བྱེད། 

         

ཐང་ཧྲེང་ཅེས་པར་དུ་བླངས།

 

གཟིགས་དང་། རྒྱུ་སྐར་རེ་རེ་ནི་དུས་ཀྱི་མཚམས་བཅད་རེ་རེ་ཡིན་ཞིང་། དེ་ལས་གཏམ་རྒྱུད་རེ་གོ་རྒྱུ་ཡོད། སྐར་མའི་ཁྱིམ་རྒྱུད་རེ་རེ་ནི་འཇིག་རྟེན་ཁམས་སུ་སྐྱོད་པའི་ཕྱོགས་སྟོན་ཡིན་ཞིང་། འགྲུལ་བཞུད་ཀྱི་ལམ་སྟོན་བྱེད། 

 

ཐང་ཧྲེང་ཅེས་པར་དུ་བླངས། 

 

འདི་ནི་རླབས་ཆེན་གྱི་ཕུགས་འདུན་ཞིག་ཡིན་ལ། རྔམ་བརྗིད་ཀྱི་རྒྱང་སྐྱོད་ཅིག་ཡིན། དེ་བས་ང་ཚོའི་སེམས་དབུས་སུ་འགྱུར་དུ་མེད་པའི་སྙན་ངག་ཅིག་དང་ཐག་རིང་གི་འགྲུལ་བཞུད་ཅིག་ཀྱང་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

ཡིག་སྒྱུར། བསྟན་འཛིན། 

中央广播电视总台 央广网 版权所有

བར་སྣང་གི་ངོ་མཚར་གཟིགས་མོ།