ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཚན་པ་གསུམ་ནས་ཀོང་ཏུང་ལ་འབྲུབ་འགོག་གེཊ་སེལ་དངོས་ཟོག་ཁྲི་1.5བཏང་བ།

2024-04-23 10:56:00     责编:卓玛才让

     ཉེ་ཆར། ཀོང་ཏུང་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་དྲག་ཆར་བབས་པ་ནས་དྲག་ཆར་ཆེན་པོ་བབས་པ་དང་། ས་གནས་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་བབས་པའི་གནམ་གཤིས་བསྟན་ཡོད། ཚེས་22ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཀོང་ཏུང་ཞིང་ཆེན་ལ་དམིགས་པའི་འབྲུབ་འགོག་རིམ་པ་གསུམ་པའི་འཕྲལ་སྒྲུབ་ལན་ཆ་རྒྱུན་འཁྱོངས་བྱས་པ་རེད། རྒྱལ་ཁབ་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་འཕྲལ་སྒྲུབ་དོ་དམ་པུས་ཚེས་22ཉིན་གནོད་འཚེའི་ཤུགས་རྐྱེན་དང་ས་གནས་ཀྱི་གེགས་སེལ་ལས་དོན་གྱི་དགོས་མཁོར་གཞིགས་ནས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཀོང་ཏུང་ཞིང་ཆེན་ལ་ལྟེབ་བརྩེགས་ཉལ་ཁྲི་6000དང་། ཉལ་ཐུལ་སྲབ་མོ་6000 ཁྱིམ་ཚང་གི་འཕྲལ་སྒྲུབ་ཁུག་མ་3000སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས་ཐོག ཀོང་ཏུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་འགན་ལེན་ལས་དོན་ཡག་པོ་སྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད།

中央广播电视总台 央广网 版权所有

ཚན་པ་གསུམ་ནས་ཀོང་ཏུང་ལ་འབྲུབ་འགོག་གེཊ་སེལ་དངོས་ཟོག་ཁྲི་1.5བཏང་བ།

ཉེ་ཆར། ཀོང་ཏུང་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་དྲག་ཆར་བབས་པ་ནས་དྲག་ཆར་ཆེན་པོ་བབས་པ་དང་།