ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྤྱི་ཁྱབ་ལས་ཁུངས་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་བར་མཉམ་ལས་བྱས།

2024-04-22 10:47:00     责编:卓玛才让

     ཉེ་ཆར། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་མི་ཐབས་རིག་ནུས་སློབ་གླིང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པའི་སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གཉིས་ནས་མི་ཐབས་རིག་ནུས་ཁྱབ་ཁོངས་ལ་དམིགས་ནས་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད།

     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་“5G+4K/8K+AI”འཐབ་ཇུས་གནས་བབ་ལ་དམ་པོར་གཞིགས་ནས་བསམ་བློ་+སྒྱུ་རྩལ་+ལག་རྩལ་གྱི་མཉམ་འདྲེས་ལག་ལེན་ལ་སྐུལ་འདེད་གཏོང་བཞིན་ཡོད། སྤྱི་ཁྱབ་ལས་ཁུངས་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གཉིས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྒྲ་ཉན་སྨྱན་སྦྱོར་མ་དཔེ་ཆེན་མོ་དང་མི་ཐབས་རིག་ནུས་སློབ་གླིང་ལ་གཞི་བཅོལ་ནས་ཚན་ཞིབ་གསར་གཏོད་དང་ལག་རྩལ་གསར་སྤེལ། ཤེས་ལྡན་པའི་ཁྱབ་ཁོངས། ཐོན་ཁུངས་ཀྱི་རྒྱབ་སྐྱོར་སོགས་ཀྱི་ཐད་མི་ཐབས་རིག་ནུས་ཁྱབ་ཁོངས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་བྱ་རྒྱུ་རེད། ལག་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ་གོ་ལའི་རིག་ནུས་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

     སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཡང་ཀྲེན་པིང་གིས་ཤིས་ཚིག་བསྒྲོན་གནང་བ་དང་། ཁོང་གིས། མི་ཐབས་རིག་ནུས་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། མཐོ་སློབ་ཀྱིས་རྨང་གཞིའི་རིགས་གཞུང་གསར་གཏོད་དང་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་མོ་ཕྲག་ཐོག་ཏུ་འཁུར་ཡོད། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ལ་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རིག་ཚན་དང་ཤེས་ལྡན་པ། ས་ཁོངས་བཅས་ཀྱི་བཟང་ཆ་ལྡན་ཡོད། མི་ཐབས་རིག་ནུས་སློབ་གླིང་བཙུགས་པ་དེས་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་དང་ཧྲང་ཧའེ་ཡི་སྔོན་སྐྱོད་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་གོང་འཕེལ་གཏོང་བའི་ཐད་ཞབས་ཞུ་དང་སྦྲེལ་མཐུད་དེ་བས་ཡག་པ་བྱེད་དགོས་ཞེས་གསུངས་ཡོད།

     ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཕན་ཡུན་ཧོ་དང་། ཀའོ་ཝུན། ཨུ་ཅང་ཤིང་། ཅང་ཁྲང་ཅུན་བཅས་དང་དེ་བཞིན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཀྲེང་ཀྲེ་མིང་དང་། མའོ་ཅུན་ཧྥ་སོགས་ཚུད་པའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་བཅུ་ཡིས་སློབ་གླིང་དེར་མངགས་བཅོལ་ཟབ་མོ་གནང་ཡོད། དེ་ཉིན། སློབ་གླིང་གིས་ད་དུང་དབུ་བརྙེས་རྗེས་ཀྱི་ཆུ་ཚད་མཐོ་བའི་རིགས་གཞུང་གླེང་སྟེགས་ཐེངས་དང་པོ་དེ་གཉེར་ཡོད། དེའི་ནང་རིགས་གཞུང་སྙན་ཞུ་དང་སྒྲོག་སྒོར་གླེང་སྟེགས་སོགས་ཚུད་པ་དང་། རིགས་གཞུང་ལས་རིགས་དང་ཐོན་ལས་ལས་རིགས་ཀྱི་འབྲེལ་ཡོད་མི་སྣ་གདན་ཞུ་བྱས་ནས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་གོང་འཕེལ་ཐད་བགྲོ་གླེང་གནང་ཡོད།

中央广播电视总台 央广网 版权所有

སྤྱི་ཁྱབ་ལས་ཁུངས་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་བར་མཉམ་ལས་བྱས།

ཉེ་ཆར། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་མི་ཐབས་རིག་ནུས་སློབ་གླིང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པའི་སྐབས་དེར།