ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལི་ཐང་རྫོང་གི་དགེ་རྒན་བཅོ་ལྔས་རྒྱན་འཛུགས་བྱས་པའི་ཐད་་་་་

2024-04-08 10:29:00     责编:卓玛才让

     ཉེ་བའི་ལོ་ཤས་རིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་ནས་ཞིབ་བཤེར་ཐག་གཅོད་བྱས་པའི་སློབ་གྲྭའི་རུལ་སུངས་ཀྱི་དཔེ་མཚོན་གྱོད་གཞིའི་ཐོག་ནས་བལྟས་ཚེ། སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱིས་སློབ་མའི་ཁ་གསབ་རོགས་དངུལ་སྣ་ཚོགས་ཧམ་ལེན་དང་བཀག་ཉར་བྱས་ཏེ། སྒྲིག་འགལ་ངང་ཕན་བདེ་སྤྲོད་པའམ་ཡང་ན་མི་སྒེར་གྱི་འགྲོ་སོང་ཐད་སྤྱད་པ་དང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་གཞུང་དངུལ་སྒེར་སྤྱོད་དང་ལྐོག་དངུལ་མཛོད་ཆུང་བཙུགས་པ། སྒྲིག་འགལ་ངང་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཐེ་ཇུས་བྱེད་པ་སོགས་ཀྱི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པ་མ་ཟད། རུལ་སུངས་ཀྱི་བྱ་སྤྱོད་མང་ཆེ་བ་སློབ་མ་བསྡུ་བ་དང་། གཞི་རྩའི་འཛུགས་སྐྲུན་ཉམས་གསོ། ནོར་དོན་དོ་དམ་སོགས་ཀྱི་ལྷུ་ཚིགས་མང་པོ་དང་འབྲེལ་བ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་ལི་ཐང་རྫོང་སྒྲིག་ཨུད་ལྟ་ཨུད་ཀྱིས་དཔེ་མཚོན་གྱོད་གཞི་དེ་འདྲ་འགའ་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

     མིག་སྔའི་བར་དཀར་མཛེས་ཁུལ་ལི་ཐང་རྫོང་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི་མི་15ཡིས་སྒྲིག་འགལ་ཁྲིམས་འགལ་བྱས་པས། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། དེའི་ནང་ལས་མི་3ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་པ་དང་སྒྲིག་འགལ་ཁྲིམས་འགལ་དང་ཚུལ་མིན་གྱི་ཐོབ་ཆ་སྒོར་ཁྲི་159.74གཞུང་བཞེས་བཏང་ཡོད། ལི་ཐང་རྫོང་གི་སློབ་ཁྲིད་མ་ལག་གི་གྱོད་གཞི་རབ་དང་རིམ་པས་ང་ཚོར་ལྟ་སྐུལ་དོ་དམ་གནད་ལ་མི་འཁེལ་བ་དང་ནོར་དོན་དོ་དམ་ཚད་ལྡན་མིན་པ་ནི་ཚངས་དབང་རིག་འཛིན་སོགས་ལོག་ལམ་དུ་སྐྱོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པའི་ཉེན་བརྡ་བཏང་ཡོད།

     ཚངས་དབང་རིག་འཛིན་དང་ཆབས་ཅིག་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་གྱི་ཁྲོད་དུ་ད་དུང་ཁོ་པའི་གྲོགས་པོ་སྟེ། ལི་ཐང་རྫོང་མོ་ལ་གྲོང་རྡལ་སློབ་ཆུང་གི་དེ་སྔའི་དགེ་རྒན་དང་ནོར་དོན་འགན་འཁུར་བ་ཝང་ཡིང་ཀང་ཡོད་པ་རེད། ལོ་རབས་80པའི་རྗེས་སྐྱེས་ན་གཞོན་ལས་བྱེད་པ་འདིས་སྔོན་ཆད་ཡར་ཐོན་བརྩོན་ལེན་བྱས་མྱོང་མོད། འོན་ཀྱང་མཇུག་མཐར་ཡོད་ཚད་རྒྱན་འཛུགས་ནང་དུ་བསྐྱལ་ཡོད།

     འདི་དག་གིས་ང་ཚོར་རིམ་ཁག་སློབ་གསོའི་སྡེ་ཚན་གྱིས་ཕྱི་ནང་མཉམ་འགུལ་གྱི་ལྟ་སྐུལ་ལམ་སྲོལ་ཧུར་ཐག་བཙུགས་ཏེ། སློབ་གྲྭའི་དབང་ཆའི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྷག་པར་དུ་འགག་རྩའི་ལས་གནས་དང་གཙོ་གནད་མི་སྣའི་དབང་ཆའི་འཁོར་སྐྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཚེ། གཞི་ནས་སློབ་གསོའི་ཁོངས་གཏོགས་སུ་ད་གཟོད་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་ཐུབ་པའི་དྲན་སྐུལ་བྱས་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ལི་ཐང་རྫོང་གི་དགེ་རྒན་བཅོ་ལྔས་རྒྱན་འཛུགས་བྱས་པའི་ཐད་་་་་

དཀར་མཛེས་ཁུལ་ལི་ཐང་རྫོང་སྒྲིག་ཨུད་ལྟ་ཨུད་ཀྱིས་དཔེ་མཚོན་གྱོད་གཞི་དེ་འདྲ་འགའ་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།