ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྐབས་23པའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་ཟླ་7ཚེས་7ཉིན་སྤེལ་རྒྱུ།

2024-04-01 17:52:00     责编:娜科

ཟླ་3ཚེས་30ཉིན། མཚོ་སྐོར་རྐང་འཁོར་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གིས་ཟི་ལིང་གྲོང་ཁྱེར་ཤིན་ཉིང་ཐང་ཆེན་དུ་2024ལོའི་སྐབས་ཉེར་གསུམ་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་ལྡོག་རྩིས་དུས་ཚོད་ཉིན་100འགོ་ཚུགས་མཛད་སྒོ་གཉེར་བ་དང་། སྐབས་ཉེར་གསུམ་པའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་དེ་2024ལོའི་ཟླ་7ཚེས་7ཉིན་འགོ་འཛུགས་རྒྱུ་ཡིན་པ་རེད། 

 

 

བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཀྱི་ལུས་རྩལ་འགྲེམས་འགྲན་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རིག་གནས་དང་། ཁེ་ལས་འོས་སྦྱོར། ཚོང་དོན་བྱེད་སྒོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མིས“ལུས་རྩལ་ཐོག་མཉམ་འདྲེས་འཕེལ་རྒྱས་སྣོན་པའི”སྟོན་མོ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། 

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་གདལ་བཏང་བའི“ཀྲུང་གོའི་སྙིང་སྟོབས·ལུས་རྩལ་ཀྱི་སྟོབས་ཤུགས”ཞེས་པའི་སྐོར་སྐྱོད་འགྲེམས་སྟོན་ཡང་བྱེད་སྒོ་སྤེལ་ཡུལ་དུ་མཉམ་དུ་འགྲེམས་སྟོན་བྱས་པ་རེད། 

འགོ་ཚུགས་མཛད་སྒོ་སྤེལ་བ་དེའི་ཐོག་ནས་2024ལོའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་གྱི་སྐུལ་སློང་བཀའ་རྒྱ་དངོས་སུ་བཏང་བ་མཚོན་གྱི་ཡོད། སྒྲིག་འཛུགས་ཨུ་ལྷན་གྱིས“སྦགས་མེད་དང་། མི་ཆོས་རིག་གནས། ཞི་མཐུན། ཉམས་ལེན”བཅས་ཀྱི་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་མུ་མཐུད་རྒྱུན་འཛིན་བྱས་ཐོག འགྲན་དོན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་ཧུར་ཐག་བྱེད་པ། འགྲན་བསྡུར་རྣམ་གྲངས་ཀྱི་ཕན་འབྲས་དང་། མཉམ་འདྲེས་ཕན་འབྲས། སྐུལ་ཁྲིད་ནུས་པ་བཅས་འདོན་སྤེལ་གང་ལེགས་ཀྱིས་སྐབས་ཤིག་རིང་བདེ་འཇགས་དང་། སྟབས་བདེ། ངོ་མཚར་གྱི་རྐང་འཁོར་ལུས་རྩལ་གྱི་དགྱེས་སྟོན་ཞིག་བཤམས་ནས་མཚོ་སྔོན་གྱི་སྦགས་མེད་འབྱུང་ཁམས་ལུས་རྩལ་སྤུས་མཐོའི་ངང་གོང་འཕེལ་གཏོང་རྒྱུ་ཡིན་པ་རེད།

 

 

སྐབས་འདིའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་གྱི་ཆ་འབྱོར་མུ་འབྲེལ་བྱེད་སྒོ་ཡིན་པའི་ཆ་ནས་སྒྲིག་འཛུགས་ཨུ་ལྷན་གྱིས་དུས་ཚོད་ལྡོག་རྩིས་ཉིན་100ཡི་འགོ་ཚུགས་མཛད་སྒོ་དེ་འགོ་འཛུགས་སར་བྱས་པ་དང་། མུ་མཐུད་དེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། དྲ་ཐོག་རི་མོ་བསྡུ་ལེན་འགྲན་བསྡུར། དང་བླངས་པ་སྐོང་བསྡུ། མཚོ་སྐོར་རྐང་འཁོར་འགྲན་བསྡུར་གྱི་བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། སྒྲོལ་མ་སྐྱབས། 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

སྐབས་23པའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་ཟླ་7ཚེས་7ཉིན་སྤེལ་རྒྱུ།

སྐབས་འདིའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་གྱི་ཆ་འབྱོར་མུ་འབྲེལ་བྱེད་སྒོ་ཡིན་པའི་ཆ་ནས་སྒྲིག་འཛུགས་ཨུ་ལྷན་གྱིས་དུས་ཚོད་ལྡོག་རྩིས་ཉིན་100ཡི་འགོ་ཚུགས་མཛད་སྒོ་དེ་འགོ་འཛུགས་སར་བྱས་པ་དང་།