ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྒྱལ་ཁབ་འདིའི་འཇིཊ་སྐུལ་འཇབ་རྒོལ་ཁྲོད་ཀྲུང་གོ་བ་5གྲོངས་པའི་ཐད་་་

2024-03-27 18:26:00     责编:卓玛才让

     ཚེས་26ཉིན། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཏ་སུའུ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལ་འཇིགས་སྐུལ་འཇབ་རྒོལ་ཕོག་པའི་ཐད་གསལ་བསྒྲགས་སྤེལ་བར། ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་13ཡོལ་ཙམ་ལ། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཏ་སུའུ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཀྱི་རླངས་འཁོར་ལ་ལམ་བར་དུ་འཇིགས་སྐུལ་འཇབ་རྒོལ་ཕོག་ནས་ཀྲུང་གོ་ཕྱོགས་ཀྱི་མི་5དང་ཕ་ཁི་སི་ཐན་ཕྱོགས་ཀྱི་མི་1རྐྱེན་ལམ་དུ་ཤོར་བ་རེད།

  • ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་འདིར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་ཁབ་གཉིས་པོའི་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུས་པ། རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དོན་རྐྱེན་གྱི་རྗེས་འཇུག་ཐག་གཅོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

  • ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཕྲལ་སྒྲུབ་ལས་དོན་སྤེལ་འགོ་ཚུགས་ཡོད་ཅིང་། ཕ་ཁི་སི་ཐན་ཕྱོགས་ནས་འཇབ་རྒོལ་དོན་རྐྱེན་ལ་ཞིབ་བཤེར་མཐར་ཕྱིན་པ་བྱེད་དགོས་པ་དང་། ལག་དམར་བར་ཆད་པ་ནན་པོ་གཅོད་དགོས་པ་དང་ཆབས་ཅིག ནུས་ལྡན་བྱ་ཐབས་ཏན་ཏིག་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས།  རྣམ་གྲངས་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། དོན་རྐྱེན་དེ་རིགས་སླར་ཡང་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ནས་ངེས་པར་དུ་ས་གནས་དེ་གའི་བདེ་འཇགས་དུས་བབ་ལ་དོ་ཁུར་ཆེན་པོ་བྱས་ཏེ། བདེ་སྲུང་རིམ་པ་མཐོ་རུ་གཏོང་བ་དང་བདེ་སྲུང་བྱ་ཐབས་ནན་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐད་དོགས་ཟོན་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

     ཉིན་དེར། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲར་ཏ་ལིས་གསལ་བསྒྲགས་སྤེལ་ནས། ཏ་སུའུ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཀྲུང་གོའི་སྤྱི་དམངས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཟབ་མོ་ཞུས་ཤིང་། རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ཀྱི་ནང་མི་དང་ཀྲུང་གོ་སྲིད་གཞུང་ལ་འཚམས་འདྲི་ཞུས་པ་རེད། ཁོང་གིས། ཕ་ཁི་སི་ཐན་ལ་ངོ་རྒོལ་བྱེད་མཁན་གྱིས་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བཤེས་ལ་གཏོར་བཤིག་གཏོང་བསམ་པ་ནི་ནམ་ཡང་ལམ་ལྷོང་ཡོང་མི་སྲིད་པ་ཞིག་རེད་ཅེས་བརྗོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

རྒྱལ་ཁབ་འདིའི་འཇིཊ་སྐུལ་འཇབ་རྒོལ་ཁྲོད་ཀྲུང་གོ་བ་5གྲོངས་པའི་ཐད་་་

ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་འདིར་རྒོལ་གཏམ་དྲག་པོ་བཏང་བ་དང་།