སློབ་མའི་མིག་ཤེད་སྲུང་བའི་ཐད་སློབ་གསོ་པུས་འདི་ལྟར་གསུངས།
སློབ་གསོ་པུས། སླད་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་གྱི་ཚོད་ལྟའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་200དང་། སྒྱུར་བཅོས་ཚོད་ལྟའི་ཁུལ་63བཀོད་སྒྲིག་བྱས་ཏེ། སློབ་གྲྭ་འབྲིང་ཆུང་སློབ་མས་སྔ་དྲོ་དང་ཕྱི་དྲོ་མིག་སྲུང་གི་ལུས་སྦྱོང་ཐེངས་རེ་བྱ་དགོས་པ་དང་། འཛིན་གྲྭ་རེས་ཟླ་བ་རེར་མིག་ཤེད་ཐེངས་རེ་འཇལ་བ་སོགས་ཀྱི་བྱ་ཐབས་བཟུང་ནས། གཞོན་ནུ་ལོ་ཆུང་གི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། མིག་བེད་སྤྱོད་ལུགས་མཐུན་བྱེད་པའི་གོམས་གཤིས་འཇགས་པ་བྱེད་དགོས་ཞེས་བསྟན་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།