ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁོང་གིས་ཆུ་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་དགོས་པའི་་་་་་

2024-03-22 18:04:00     责编:卓玛才让

     སྤྱི་ཟླ་3ཚེས་22ཉིན་ནི་འཛམ་གླིང་ཆུ་ཡི་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལི་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག མི་རྣམས་ནས་ཆུའི་གནད་དོན་ཐད་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས་ཞེས་བསྟན་ཡོད།

     ད་ལོའི་འཛམ་གླིང་ཆུ་ཡི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི་ཆུ་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་ཞེས་པ་དེ་ཡིན་པ་རེད། ཀུ་ཐེ་ལི་སིས། ཆུ་ཡི་དོན་དུ་བྱ་སྤྱོད་སྤེལ་བ་དེ་ནི་ཞི་བདེའི་ཆེད་དུ་བྱ་སྤྱོད་སྤེལ་བ་ཞིག་ཡིན། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཆུ་དེ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་བ་བྱས་ཐོག མི་ཚང་མར་ཞི་བདེ་དང་དར་རྒྱས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འཛམ་གླིང་ཞིག་གཏོད་དགོས་ཞེས་གསུངས་ཡོད།

     ཀུ་ཐེ་ལི་སིས། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་མཉམ་ལས་ཀྱིས་ཞི་བདེའི་སྟོབས་ཤུགས་ཆེ་རུ་གཏོང་ཐུབ་ཅིང་། ཞི་བདེ་ཡུན་ནས་ཡུན་དུ་རྒྱུན་མཐུད་བྱེད་ཐུབ། ཆུ་དོ་དམ་བྱེད་པའི་ཐད་ཕྱོགས་མང་རིང་ལུགས་དང་སྡེ་ཁུལ་དབར་གྱི་འབྲེལ་བར་ཤུགས་སྣོན་ཐེབས་ནས་གནམ་གཤིས་གནོད་འཚེར་ཁ་གཏད་གཅོག་པའི་མཉེན་གཤིས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་ཐུབ། དེའི་ནང་དུ་གཟུགས་གཞི་ཐང་དུ་དང་། དབུལ་ཕོངས་ཉུང་གཏོང་། འདྲ་མཉམ་ལ་ཤུགས་སྣོན་སོགས་དང་། དེ་བཞིན་འབྲུ་རིགས་དང་ཆུའི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ཚུད་ཡོད། དམིགས་ཚད་དེ་དག་ནི་ཞི་བདེའི་སྤྱི་ཚོགས་ཀྱི་རྨང་གཞི་རེད་ཅེས་བསྟན་ཡོད།

     མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ནང་གཏན་འབེབས་བྱས་པའི་རྒྱུན་མཐུད་གོང་འཕེལ་གྱི་དམིགས་འབེན་གཅིག་ནི་མི་ཚང་མར་ཆུ་དང་ཁོར་ཡུག་འཕྲོད་བསྟེན་མཁོ་འདོན་བྱ་རྒྱུ་མ་ཟད་གང་དེར་རྒྱུན་མཐུད་དོ་དམ་བྱ་རྒྱུ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་གཞི་ལྟར་ན། འདས་ཟིན་པའི་ལོ་ངོ་ལྔ་བཅུའི་རིང་། ཆུ་དང་འབྲེལ་བ་ཡོད་པའི་གནོད་འཚེ་ལས་ཤི་རྨས་བྱུང་བའི་མི་གྲངས་ཀྱིས་རང་བྱུང་གནོད་འཚེ་དང་འབྲེལ་བའི་དོན་རྐྱེན་ནང་ཤི་རྨས་བྱུང་བའི་མི་གྲངས་ཀྱི་བརྒྱ་ཆ་7བཟུང་ཡོད། མིག་སྔར། མི་འབོར་དུང་ཕྱུར་22ཙམ་ཞིག་སྔར་བཞིན་འཐུང་ཆུ་བདེ་འཇགས་མེད་པའི་ཁོར་ཡུག་ནང་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

     མཉམ་འབྲེལ་རྒྱལ་ཚོགས་ནས་མི་རྣམས་ཀྱིས་ཆུའི་གནད་དོན་ཐད་མཉམ་ལས་བྱེད་སྐབས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཏེ། ཞི་བདེར་སྐུལ་འདེད་དང་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཐོག་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་ཐུབ་པའི་འབོད་སྐུལ་བྱེད་ཀྱི་ཡོད།

     འཛམ་གླིང་ཆུ་ཡི་ཉིན་མོ་ནི་སྤྱི་ལོ་1993ལོའི་ཟླ་བ་1ཚེས་18ཉིན་སྟེ་སྐབས་བཞི་བཅུ་ཞེ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏན་ལ་ཕབ་པ་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཆུའི་ལམ་སྲོལ་ཚན་པས་ལོ་རེའི་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་འགན་འཁུར་ཏེ་གཙོ་གནད་ཐོག་ཚྭ་མེད་ཆུའི་གལ་ཆེན་རང་བཞིན་ལ་དོ་ཁུར་བྱེད་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཁོང་གིས་ཆུ་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་དགོས་པའི་་་་་་

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལི་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག