ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶རྔ་བ་ཁུལ་གྱི་འགོ་ཁྲིད་འདིར་ཞིབ་བཤེར་བྱས་འདུག

2023-12-27 17:19:00     责编:娜科

 

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི། དྲུང་ཆེ། ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའོ་རྨིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རྔ་བ་ཁུལ་སྒྲིག་ཨུད་ལྟ་ཨུད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

 

 

ལིའོ་རྨིན་གྱི་ལོ་རྒྱུས་མདོར་བསྡུས། 

ལིའོ་རྨིན། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་10པར་སྐྱེས། སི་ཁྲོན་སན་ཐའེ་ཡི་མི། སི་ཁྲོན་ཞིང་ཨུད་ཏང་གི་སློབ་གྲྭའི་ལས་ཐོག་སློབ་ཆེན་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 1988ལོའི་ཟླ་7པར་ལས་ཀར་ཞུགས། 1988ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 

1988ལོའི་ཟླ་7པ་ནས་1998ལོའི་ཟླ་4པའི་བར། རྨིན་ཅང་ཆུ་ཐོག་སྐྱེལ་འདྲེན་ཅུས་སུ་ལས་ཀ་སྒྲུབ་པ་དང་། སྔ་གཞུག་ཏུ་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ངལ་རྩོལ་ཞབས་ཞུ་སྤྱི་ཁྱབ་ཀུང་སིའི་སྤྱི་གཉེར། ཤིང་ཆ་བརྒྱུད་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་བཅས་ཀྱི་འགན་ཁུར། 

1998ལོའི་ཟླ་4པ་ནས་2005ལོའི་ཟླ་4པའི་བར། འབར་ཁམས་ནགས་ལས་ཅུས་ཀྱི་ཏང་ཨུའི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ། གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་བཅས་ཀྱི་འགན་ཁུར། 

2005ལོའི་ཟླ་4པ་ནས་2010ལོའི་ཟླ་2པའི་བར། ཝུན་ཁྲོན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་གྱི་འགན་ཁུར། 

2010ལོའི་ཟླ་2པ་ནས་2021ལོའི་ཟླ་1པོའི་བར། རྔ་བ་ཁུལ་སྲིད་གཞུང་གི་དྲུང་ཆེ་གཞོན་པ། གཞུང་དོན་ཁང་གི་ཀྲུའུ་རེན། འཕྲལ་སྡོམ་གཞུང་དོན་ཁང་གི་ཀྲུའུ་རེན། ཁུལ་གྲོང་འཛུགས་སྐྲུན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་། ཁྱུང་མཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

2021ལོའི་ཟླ་1པོ་ནས་ད་བར། རྔ་བ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་དྲུང་ཆེ། ལས་ཁུངས་ཀྱི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ཀུན་བཟང་དབང་མོ། 

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

▶རྔ་བ་ཁུལ་གྱི་འགོ་ཁྲིད་འདིར་ཞིབ་བཤེར་བྱས་འདུག

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི། དྲུང་ཆེ། ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའོ་རྨིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རྔ་བ་ཁུལ་སྒྲིག་ཨུད་ལྟ་ཨུད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་