ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གྱོང་གུན་སྒོར་དུང་ཕྱུར་4.48ཙམ་བཟོ་མཁན་འདིར་འདྲི་གཅོད་བྱས་འདུག

2023-12-23 16:34:00     责编:娜科

2023ལོའི་ཟླ་12ཚེས་21ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་དབྱི་ཕེང་ཧྥེ་ཡིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་འདྲི་གཅོད་བྱས་པ་རེད། 

 

 

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱོན་འདོན་ཞུ་གཏུག་བྱས་དོན།  2003ལོ་ནས་2022ལོའི་བར། ཞུ་སྦྱོར་ཕྱི་མ་དབྱི་ཕེང་ཧྥེ་ཡིས་ཧུའུ་ནན་ཞིང་ཆེན་གྱི་དེ་སྔའི་འཕེལ་རྒྱས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཧོའེ་ཧྭ་གྲོང་ཁྱེར་གྱི་གྲོང་སྤྱི། ལོའུ་ཏི་གྲོང་ཁྱེར་གྱི་གྲོང་སྤྱི། ཁྲེན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་ཡང་ན་གནས་བབ་ཐད་ཆགས་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་རྣམ་གྲངས་འགན་ལེན་དང་། ཁེ་ལས་གཉེར་སྐྱོང་། མ་དངུལ་རེ་ཞུ་སོགས་ཀྱི་ཐད་རོགས་རམ་བྱས་ཡོད། 2005ལོ་ནས་2023ལོའི་བར། དབྱི་ཕེང་ཧྥེས་ཐད་ཀར་རམ་ཡང་ན་མི་གཞན་བརྒྱུད་དེ་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་མི་དམངས་ཤོག་སྒོར་ཕབ་ན་སྒོར་ཁྲི་8140ལྷག་ཙམ་ཟིན་ཡོད། 2019ལོའི་ཟླ་4པ་ནས་2020ལོའི་ཟླ་10པའི་བར། དབྱི་ཕེང་ཧྥེ་ཡིས་ཁྲེན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རིང་། ཚོང་འགུགས་ལས་དོན་སྒྲུབ་རིང་། འབྲེལ་ཡོད་ཀུང་སིས་བཏོན་པའི་ས་ཆ་ནང་བཤུག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་རིན་མེད་པ་དང་ས་ཆ་ནང་བཤུག་གཏོང་དངུལ་ཕྱིར་སློག་རྣམ་པར་འགྱུར་བ་བཏང་བའི་གཏན་འབེབས་དང་འགལ་བ་ཤེས་བཞིན་པ་མ་ཟད། འབྲེལ་ཡོད་མི་སྣས་ངོ་རྒོལ་བསམ་འཆར་གསལ་པོ་བཏོན་པའི་གནས་ཚུལ་འོག རང་དགར་ས་ཆ་ནང་བཤུག་གཏོང་དངུལ་ཕྱིར་སློག་བྱ་རྒྱུའི་གཏན་འབེབས་བྱས་པས། སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་མི་དམངས་ཤོག་སྒོར་དུང་ཕྱུར་4.48བཟོས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་པ་བསགས་པར་བརྟེན་ནས་དབྱི་ཕེང་ཧྥེ་ཡི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་བ་བཏོན་ཡོད། 

 

 

ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་དབྱི་ཕེང་ཧྥེ་དང་དེའི་དག་འབུད་བྱེད་མཁན་དབར་ངོ་ཐུག་ར་སྤྲོད་བྱས་ཡོད། ཉེས་གཏུག་དང་དག་འབུད་བྱེད་མཁན་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ་དང་། དབྱི་ཕེང་ཧྥེ་ཡིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད་ཁྲིམས་རར་རང་ཉེས་ངོས་ལེན་ཞུས་པ་དང་འགྱོད་བཤགས་བྱས་ཡོད། ཁྲིམས་ར་འཚོོགས་ནས་འདྲི་གཅོད་བྱས་མཐར། ཁྲིམས་ཁང་གིས་ཁྲིམས་ར་འཚོག་མཚམས་འཇོག་རྒྱུ་དང་། དུས་ཚོད་བདམས་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས་པ་རེད། 

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་30ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། བདུད་འདུལ་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

གྱོང་གུན་སྒོར་དུང་ཕྱུར་4.48ཙམ་བཟོ་མཁན་འདིར་འདྲི་གཅོད་བྱས་འདུག

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་30ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་ཡོད།