ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མི་འདི་གཉིས་ཀྱིས་ས་ཡོམ་སྐོར་གྱི་དཀྲོག་གཏམ་སྤེལ་བས་ཆད་པ་ཕོག

2023-12-22 09:28:00     责编:娜科

 

ཟླ་12ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ཐོག ཀན་སུའུ་ལིན་ཞ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་རེད། ལིན་ཞ་གྲོང་ཁྱེར་གྱི་དྲ་དམངས་གཉིས་ཀྱིས་བདེན་དཔང་ར་སྤྲོད་མེད་པར་ས་ཡོམ་སྐོར་གྱི་དཀྲོག་གཏམ་བཟོས་ནས། དྲ་བའི་ཐོག“ཀྲུང་གོ་ས་ཡོམ་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། དོ་ནུབ་མཚན་གུང་གི་ཆུ་ཚོད་2དང་སྐར་མ་26དང་སྐར་ཆ་35ཡི་ཐོག ལིན་ཞ་རུ་ད་དུང་ཡོམ་ལྷག་རིམ་པ་8.2བྱས་པ་ཞིག་རྒྱག་རྒྱུ་རེད”ཟེར་བའི་བརྙན་ཐུང་སྤེལ་བ་དང་ཐད་གཏོང་བྱས་ཡོད།

 

 

 

གོང་གསལ་དཀྲོག་གཏམ་དེ་འཕྲལ་དུ་དྲ་བའི་ཐོག་ཁྱབ་ནས་གྲོང་མིར་འཇིགས་སྣང་བཟོས་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། ལིན་ཞ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་བའི་བདེ་འཇགས་རུ་ཆེན་གྱིས་དགོང་མོ་དེ་རང་ལ་གནས་ཚུལ་དེ་ཤེས་རྟོགས་ཐུབ་པའི་རྗེས་འཕྲལ་དུ་དཀྲོག་གཏམ་ཡིན་པ་ཐེར་འདོན་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། དེ་ནི་ཁྲིམས་འགལ་བ་ལི་ཆེ་གེ་མོ་དང་མ་ཆེ་གེ་མོས་བདེན་དཔང་ར་སྤྲོད་བྱས་མེད་པའི་གནས་ཚུལ་འོག་དཀྲོག་གཏམ་དེ་རྫུན་བཟོ་དང་ཁྱབ་གདལ་བཏང་བ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཡོད། སྤྱི་བདེ་ཚན་པས་བརྟག་དཔྱད་དང་འདྲི་རྩད་བྱས་རྗེས། ལི་ཆེ་གེ་མོ་དང་མ་ཆེ་གེ་མོས་དཀྲོག་གཏམ་སྤེལ་བ་དང་ཉེན་ཁའི་གནས་ཚུལ་རྫུན་ཞུ་བྱས་ཏེ་རྐང་བཙུགས་ནས་སྤྱི་པའི་སྒྲིག་ལམ་ཟང་ཟིང་བཟོས་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་ལྔ་དང་ཉེས་ཆད་སྒོར་500ཡི་སྲིད་འཛིན་ཆད་པ་བཅད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

མི་འདི་གཉིས་ཀྱིས་ས་ཡོམ་སྐོར་གྱི་དཀྲོག་གཏམ་སྤེལ་བས་ཆད་པ་ཕོག

གོང་གསལ་དཀྲོག་གཏམ་དེ་འཕྲལ་དུ་དྲ་བའི་ཐོག་ཁྱབ་ནས་གྲོང་མིར་འཇིགས་སྣང་བཟོས་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད།