ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གཡང་མོ་མཚོ་ཨང་རིམ་དང་པོར་སླེབས་འདུག

2023-11-14 19:10:00     责编:娜科

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་11ཉིན་ནས་ཚེས་12ཉིན་བར། ཡུན་ནན་ཞི་ཁྲོའུ་རུ་གཉེར་བའི་2023ལོའི་ཀྲུང་གོའི་རི་ཁུལ་རྐང་འཁོར་རིམ་མཚུངས་མཉམ་འགྲན་གྱི་རྟིང་རྩོད་འགྲན་བསྡུར་ནང་། ས་ཚིགས་ཁ་ཤས་ཀྱི་རིམ་མཚུངས་མཉམ་འགྲན་གྱི་སྐར་གྲངས་རིམ་རྩིས་བྱས་རྗེས། མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་གཉིས་པའི་ལུས་རྩལ་པ་གཡང་མོ་མཚོ་མཐའ་མའི་སྐར་མ་375ཡི་ཐོག་ནས་ལོ་འཁོར་གྱི་སྐར་གྲངས་བསྡོམས་འབོར་གྱི་ཨང་དང་པོར་སླེབས་ཡོད་པ་རེད།

 

 

ཉིན་གཉིས་བསྟུད་མར་འགྲན་བསྡུར་བྱས་པ་བརྒྱུད།  མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་གཉིས་པའི་ལུས་རྩལ་པ་གཡང་མོ་མཚོར་ཕུལ་བྱུང་བུད་མེད་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་བཞི་པ་ཐོབ་པ་དང་།  ཝང་ཡུས་ཞིའུ་ལ་ཕུལ་བྱུང་བུད་མེད་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ་པ། གཡང་མོ་མཚོ་དང་ཝང་ཡུས་ཞིའུ། ཁྲེ་ཀོང་མིན་བཅས་ལ་ཕུལ་བྱུང་བུད་མེད་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་ཚོགས་པའི་ཨང་གཉིས་པ་ཐོབ་པ། ལི་ཧུང་པོ་དང་ཀླུ་མགོན་རྒྱལ། ཀྲུའུ་ཕུང་ཝུའུ་བཅས་ལ་ཕུལ་བྱུང་སྐྱེས་པའི་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་ཚོགས་པའི་ཨང་གསུམ་པ་ཐོབ་ཡོད་པ་རེད།

 

 

དེ་མིན་ཀླུ་མགོན་རྒྱལ་ལ་ད་དུང་སྐྱེས་པའི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་དྲུག་པ་དང་། ཁྲེ་ཀོང་མིན་ལ་བུད་མེད་ཀྱི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་དྲུག་པ། གཡང་མོ་མཚོར་བུད་མེད་ཀྱི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་བདུན་པ། ཝང་ཡུས་ཞིའུ་ལ་བུད་མེད་ཀྱི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་བརྒྱད་པ་བཅས་ཐོབ་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། རྡོ་ཐར། 

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

གཡང་མོ་མཚོ་ཨང་རིམ་དང་པོར་སླེབས་འདུག

དེ་མིན་ཀླུ་མགོན་རྒྱལ་ལ་ད་དུང་སྐྱེས་པའི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་དྲུག་པ་དང་། ཁྲེ་ཀོང་མིན་ལ་བུད་མེད་ཀྱི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་དྲུག་པ། གཡང་མོ་མཚོར་བུད་མེད་ཀྱི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་བདུན་པ། ཝང་ཡུས་ཞིའུ་ལ་བུད་མེད་ཀྱི་བྱེས་བགྲོད་དོར་ལེན་འགྲན་བསྡུར་གྱི་ཨང་བརྒྱད་པ་བཅས་ཐོབ་པ་རེད།