ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

11པའི་ཚེས་11ཉིན་སིལ་ཚོང་དངུལ་གྲངས་དུང་ཕྱུར་43.1ཟིན་པ།

2023-11-13 16:30:00     责编:桑吉卓玛

11པའི་ཚེས་11ཉིན་སིལ་ཚོང་དངུལ་གྲངས་དུང་ཕྱུར་43.1ཟིན་པ།

       ཨོའུ་ཐེ་ཨོའུ་བློ་འདྲི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ཟླ་11པའི་ཚེས་11ཉིན་གྱི་ཉོ་སྒྲུབ་བྱེད་སྒོའི་རིང་། བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་43.1ཟིན་པ་དེ་དུས་མཚུངས་དང་བསྡུར་ན་75.79%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་འདུག དེའི་ནང་། ཟོག་དངོས་ལས་རིགས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་40.5ཟིན་པ་དེ་བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་གྱི་བསྡུར་གྲངས་ཁྲོད་93.98%ཡིན་པ་རེད།

 

 

       ལྷ་ས་གྲོང་ཁྱེར་གྱི་དྲ་བའི་སིལ་ཚོང་བསྡོམས་འབོར་གྱི་བསྡུར་གྲངས་72.59%ཟིན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྷོ་ཁ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར་གྱི་དྲ་བའི་སིལ་ཚོང་བསྡོམས་འབོར་དེ་ཨང་གཉིས་པ་དང་ཨང་གསུམ་པ་ཡིན་ཞིང་། བསྡུར་གྲངས་ཁག་སོ་སོ་21.07% དང་4.64%ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བསྟན་པ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

11པའི་ཚེས་11ཉིན་སིལ་ཚོང་དངུལ་གྲངས་དུང་ཕྱུར་43.1ཟིན་པ།