ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྨན་ཁང་འདིས་ཕྲུ་གུ་སྐྱེས་པའི་དཔང་ཡིག་འཚོང་གི་འདུག་ཟེར་བའི་ཐད....

2023-11-09 17:44:00     责编:桑吉卓玛

སྨན་ཁང་འདིས་ཕྲུ་གུ་སྐྱེས་པའི་དཔང་ཡིག་འཚོང་གི་འདུག་ཟེར་བའི་ཐད....

       སྨྱན་སྦྱོར་གྱིས་བཏོན་པའི“ཤང་ཡང་ཅན་ཆའོ་སྨན་ཁང་གིས་འཛེམ་བག་མེད་པར་ཕྲུ་གུ་སྐྱེས་པའི་དཔང་ཡིག་འཚོང་བཞིན་འདུག”ཅེས་པའི་གནད་དོན་ལ་དམིགས་ནས། ཧུའུ་པེ་ཞིང་ཆེན་ཤང་ཡང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཟླ་11ཚེས་7ཉིན་གྱི་ཕྱི་དྲོ་བརྡ་ཁྱབ་བཏང་འདུག

       བརྡ་ཁྱབ་དེའི་ནང་། ཟླ་11ཚེས་6ཉིན་གྱི་དགོང་མོ། ཆེད་དོན་ལས་སྒྲུབ་ཚོགས་ཆུང་དོན་དག་དེ་དང་འབྲེལ་བ་ཡོད་པའི་སྨན་ཁང་དུ་བཅའ་སྡོད་བྱས་ནས་མཚན་མོ་དེ་རང་ལ་འབྲེལ་ཡོད་མི་སྣར་འདྲི་རྩད་བྱས་པ་མ་ཟད། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ཞིབ་དཔྱད་སྔར་ལས་ལྷག་པ་བྱས་ཡོད་ཅེས་འཁོད་ཡོད་པ་རེད། 

       མིག་སྔར། དོན་དག་དེ་དང་འབྲེལ་བ་ཡོད་པའི་སྨན་ཁང་དེའི་བུད་མེད་དང་བུ་བཙའི་ཚན་ཁག་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་འགན་འཁུར་བ་ཚོད་འཛིན་བྱས་ཟིན་ཞིང་། སྨན་ཁང་གི་འགོ་འཛིན་ལ་ཉེས་དོན་བཙན་ཐབས་སྤྱད་པ་དང་འབྲེལ་བརྟག་དཔྱད་དང་ལེན་བྱེད་དུ་བཅུག་ཡོད། ཆེད་དོན་ལས་སྒྲུབ་ཚོགས་ཆུང་གིས་ཐེར་འདོན་བྱེད་མཁན་དང་ཐུག་འཕྲད་བྱས་ནས་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་བླངས་ཡོད། འབྲེལ་ཡོད་གནད་དོན་ཐད་མུ་མཐུད་བརྟག་དཔྱད་དང་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།

 

 

 

       ཟླ་11ཚེས་6ཉིན། དྲ་ཐོག་ཏུ་ཧུའུ་པེ་ཞིང་ཆེན་ཤང་ཡང་ཅན་ཆའོ་སྨན་ཁང་ནས་ཕྲུ་གུ་སྐྱེས་པའི་དཔང་ཡིག་འཚོང་གི་འདུག་ཅེས་ཐེར་འདོན་བྱེད་མཁན་བྱུང་བ་དང་། ཐེར་འདོན་བྱེད་མཁན་དེས། ལོ་གཅིག་ལྷག་ཙམ་རིང་ལྐོག་ཞིབ་བྱས་པ་བརྒྱུད། ཤང་ཡང་ཅན་ཆའོ་སྨན་ཁང་གི་འགོ་འཛིན་ཡེ་ཆེ་གེ་མོས་ས་གནས་མང་པོའི་བར་ཁེ་ཚོགས་པ་དང་ངན་འབྲེལ་བྱས་ནས་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་སྤྱད་དེ་འཛེམ་བག་མེད་པའི་ངང་ཕྲུ་གུ་སྐྱེས་པའི་དཔང་ཡིག་བཟོ་གཉེར་གྱི་ཆ་འཕྲིན་བཀྲམས་ཤིང་། དཔང་ཡིག་དེ་དག་མཁོ་མཁན་འཚོལ་འདེམས་བྱས་རྗེས། ཕྲུ་གུ་སྐྱེས་པའི་དཔང་ཡིག་དང་རིམས་འགོག་སྨན་ཁབ་ཀྱི་ཐོ་དེབ་འཚོང་གི་འདུག་ཅེས་བཤད་ཡོད། 
 

 

       དྲ་ཐོག་ཐེར་འདོན་ཡི་གེའི་ནང་། དཔང་ཡིག་ཉོ་མཁན་གྱིས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དང་སྒོར་ཁྲི་9.6སྤྲད་ན། སྨན་ཁང་ཕྱོགས་ཀྱིས“རྒྱུན་གཏན”གྱི་བརྒྱུད་རིམ་ལྟར་སྨན་ཁང་དུ་ཡིག་ཚགས་བཟོ་བ་དང་། སྦྲུམ་བཤེར་བྱེད་པ། སྨན་ཁང་དུ་སྡོད་པ། ཕྲུ་གུ་སྐྱེ་བ། སྨན་ཁང་ནས་ཐོན་པ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཆ་ཚང་གཉེར་གྱི་ཡོད་པ་དང་། “ཕྲུ་གུ་སྐྱེས་ནས”ཉིན་གཉིས་རྗེས་སྨན་ཁང་ནས་དོན་པའི་རྫུན་ཐོ་བཀོད་རྗེས། ཉོ་མཁན་གྱིས“ཉོས་པའི་ཕྲུ་གུ”ཁྲིད་ནས་སྨན་ཁང་དེར་རྐང་རྟིང་གི་ཁྲག་འཚོལ་བསྡུ་བྱེད་ཆོག་པ་དང་། དེ་ནས་ཕྲུ་གུ་སྐྱེས་པའི་དཔང་ཡིག་བཟོ་ཆོག་ཅིང་། བརྒྱུད་རིམ་ཧྲིལ་པོར་མང་ཤོས་ལ་ཉིན་བདུན་ལས་འགོར་གྱི་མེད། དེ་དང་ཆབས་ཅིག སྨན་ཁང་ཕྱོགས་ཀྱིས་རྒྱལ་ཡོངས་ཁྱོན་ཏུ་སྤྱོད་པའི་པར་གཞིའི་རིམས་འགོག་སྨན་ཁབ་ཀྱི་ཐོ་དེབ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་འབྲེལ། ཕྲུ་གུ་སྐྱེས་པའི་བརྒྱུད་རིམ“དངོས”ལ་གཞིགས་ནས“རིམས་འགོག་སྨན་ཁབ་བརྒྱབ”ཅིང་། མཆིན་ནད་ཁ་པ་དང་ཁ་ཅེ་སྨན་ཁབ་བརྒྱབ་པའི་ཟིན་ཐོ་དང་། སྨན་ཁབ་བརྒྱབ་པའི་དུས་ཚོད། སྨན་ཁབ་ཐོན་སྐྱེད་བཟོ་གྲྭ། དེ་བཞིན་སྨན་ཁབ་ཀྱི་ཐོན་རིམ་ཨང་གྲངས་སོགས་པར་བརྒྱབ་ནས་སྤྲོད་ཀྱི་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

སྒྲིག་སྒྱུར། བཀྲ་རྡོར།

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

སྨན་ཁང་འདིས་ཕྲུ་གུ་སྐྱེས་པའི་དཔང་ཡིག་འཚོང་གི་འདུག་ཟེར་བའི་ཐད....

སྨྱན་སྦྱོར་གྱིས་བཏོན་པའི“ཤང་ཡང་ཅན་ཆའོ་སྨན་ཁང་གིས་འཛེམ་བག་མེད་པར་ཕྲུ་གུ་སྐྱེས་པའི་དཔང་ཡིག་འཚོང་བཞིན་འདུག”ཅེས་པའི་གནད་དོན་ལ་དམིགས་ནས། ཧུའུ་པེ་ཞིང་ཆེན་ཤང་ཡང་གྲོང་ཁྱེར་འ