ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

2022ལོར་མི་བྱེ་བ་གཅིག་ལྷག་ལ་འདུས་འདྲིལ་གཅོང་ནད་འགོས་འདུག

2023-11-09 17:43:00     责编:桑吉卓玛

2022ལོར་མི་བྱེ་བ་གཅིག་ལྷག་ལ་འདུས་འདྲིལ་གཅོང་ནད་འགོས་འདུག

 

       འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་ཀྱི་སྙན་ཞུ》ཞེས་པར་གཞིགས་ན། 2022ལོར་རྒྱལ་ཁབ་དང་ས་ཁུལ་192ཀྱི་མི་ས་ཡ་7དང་5འབུམ་ལ་གློ་བའི་འདུས་འདྲིལ་གཅོང་ནད་འགོས་ཡོད་པ་དང་། དེ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་1995ལོ་ནས་བཟུང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་འདུས་འདྲིལ་གཅོང་ནད་ལ་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་གྲངས་གཞི་མཐོ་ཤོས་དེ་རེད།
 

 

       འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རིམ་རྩིས་བྱས་པར་གཞིགས་ན། 2022ལོར་ཧ་ལམ་མི་བྱེ་བ་1དང་6འབུམ་ལྷག་ལ་འདུས་འདྲིལ་གཅོང་ནད་འགོས་ཡོད་པ་དང་། དེ་དག་གཙོ་བོ་ཨ་ཤེ་ཡ་ཤར་ལྷོ་དང་ཨ་ཧྥེ་རི་ཁ། ནུབ་ཞི་བདེ་རྒྱ་མཚོ་ཆེ་མོ་བཅས་ཀྱི་ས་ཁོངས་སུ་ཐོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། ལྷ་སྟག་མཚོ། 

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

2022ལོར་མི་བྱེ་བ་གཅིག་ལྷག་ལ་འདུས་འདྲིལ་གཅོང་ནད་འགོས་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་ཀྱི་སྙན་ཞུ》ཞེས་པར་གཞིགས་ན།