ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ཀྱི་གཞོན་སྐྱེས་བུད་མེད་འདི་ལ་མངོན་པར་བསྟོད།

2023-10-31 10:07:00     责编:桑吉卓玛

བོད་ཀྱི་གཞོན་སྐྱེས་བུད་མེད་འདི་ལ་མངོན་པར་བསྟོད།

 

       ང་ཚོས་བོད་ནས་ཡོང་བའི་ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་སྒྲོལ་མར་རྒྱུས་ལོན་ཞིག་བྱེད།

 

 

       སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས་བོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་མཚོན་ལ་དམིགས་ཏེ་ཤེས་ལྡན་མི་སྣའི་གྲངས་གཞི་བསྡུ་སྒྲིག་དང་། བོད་ཀྱི་ཤེས་ལྡན་མི་སྣ་སྔོག་འདོན། ལས་གཏོད་ལ་བརྟེན་ནས་བུད་མེད་དེ་བས་མང་བར་སྐུལ་ཁྲིད་བྱས་ནས་རྩལ་ནུས་འབབ་འཕར་ཡོང་བ་བྱེད་མཁན་ཁོང་ནི་བོད་རང་སྐྱོང་ལྗོངས་བུད་མེད་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་རེད།
 

 

       སྒྲོལ་མ་ལོ་13ལ་སླེབས་སྐབས་ཐོག་དང་པོར་ཕ་ཡུལ་ནས་ཁ་བྲལ་ཏེ་ཕྱིར་སློབ་སྦྱོང་ལ་བསྐྱོད། ཁོང་ནི་རྒྱལ་ཁབ་ཀྱི་རིག་སྟོབས་བོད་སྐྱོར་གྱི་ཁེ་ཕན་ཐོབ་མཁན་རེད། 2007ལོར་པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་ནས་མཐར་ཕྱིན་རྗེས་པེ་ཅིན་དུ་བསྡད་ནས་བོད་སྨན་ཁེ་ལས་ནང་ཞུགས་པ་དང་། ཀུང་སི་བདེ་བླག་ངང་མ་རྐང་ཁྲོམ་རར་ཞུགས་པར་རོགས་འདེགས་བྱས་ཏེ་བོད་སྨན་སྤུས་རྟགས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་ཐུབ་པ་མངོན་འགྱུར་བྱུང་།

 

 

       བོད་ཀྱི་ཐོན་ལས་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུའི་ཕུགས་འདུན་སེམས་སུ་ཉར་ཡོད་པས། ལོ་36སྐབས་མངལ་ཆགས་པའི་སྒྲོལ་མས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལས་ཁུར་དགོངས་ཞུ་བྱས་ནས་བོད་ལྗོངས་ཐབས་ཤེས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས། གང་དེའི་དམིགས་ཡུལ་ནི་བོད་ཀྱི་ཤེས་ལྡན་མི་སྣ་དང་རྩ་འཛུགས་ལེགས་སྐྱོང་བྱེད་པ། དོ་དམ་བློ་འདྲི་དང་གཞི་གྲངས་བརྟག་དཔྱད་ཞིབ་འཇུག དེ་བཞིན་ལས་རིགས་ནུས་སྤྲོད་ཀྱི་ལས་སྟེགས་བཅས་མཁོ་འདོན་བྱེད་པ་དེ་རེད།

       མིག་སྔར། ཐབས་ཤེས་ཚོགས་པ་འཕེལ་རྒྱས་བྱུང་ནས་མི་30ལྷག་ཙམ་ཟིན་ཡོད། དེའི་ནང་བརྒྱ་ཆ་75ནི་985དང་211སློབ་ཆེན་ནས་ཐོན་པའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཆེན་སློབ་མ་ཡིན་པ་དང་། ལས་མི་བརྒྱ་ཆ་7ཙམ་ལ་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པའི་ཉམས་མྱོང་ལྡན་པ། ལས་མི་བརྒྱ་ཆ་32ཙམ་ལ་ལོ་10ཡན་གྱི་ལས་ཀའི་ཉམས་མྱོང་ལྡན་པ། ཚོགས་པའི་ནང་བུད་མེད་ཁོངས་མིས་བརྒྱ་ཆ་65ཙམ་ཟིན་ཡོད། 

 

 

       ལས་མིའི་འཚོ་བར་སེམས་ཁུར་དང་བློ་འདྲི་བྱེད་པ་ནས་རང་ས་གནས་ཀྱི་ཚོང་རྟགས་རྙིང་པའི་ཀུང་སི་བརྗེ་སྒྱུར་རིམ་སྤོར་བྱེད་པར་གླ་ཆ་དང་ལས་ཕྱོད་སྒྲིག་སྲོལ་ཇུས་འགོད་བྱེད་པའི་བར་དང་། ཁྱིམ་དུད་རེ་རེར་བསྐྱོད་ནས་ལྷ་སའི་རྒན་རྒོན་ཚོས་དགའ་པོ་བྱེད་པའི་རྒན་གསོ་ཁམས་གསོའི་ཞབས་ཞུ་ཤེས་རྟོགས་བྱེད་པ་ནས་སྡེ་ཁུལ་གྱི་རྒན་གསོ་ཐག་གཅོད་བྱ་རྒྱུའི་གྲོས་འགོའི་ཇུས་གཞི་བཏོན་པའི་བར། དེ་ནས་ལྗོངས་ཡོངས་སུ་བསྐྱོད་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་བརྟག་ཞིབ་བྱེད་པ་ནས་ས་གནས་ཁག་གིས་《ལས་ཞུགས་ཀྱི་དམིགས་བསལ་སྦྱོང་བརྡར་རུ་ཁག》གསར་སྤེལ་དང་ལག་བསྟར་བྱེད་པར་གཞོགས་འདེགས་བྱས་པའི་བར། སྒྲོལ་མ་དང་ཁོང་གི་ཚོགས་པས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། 

 

 

       དེའི་ནང“ལག་རྩལ་གསོ་སྦྱོང་དང་ཐོན་རྫས་གསར་སྤེལ། ཕྱིར་འཚོང་མཉམ་སྤྱོད་བཅས་ཟུང་དུ་འབྲེལ་བའི་ནུས་སྤྲོད་ཚོད་ལྟའི་རྣམ་པ་གསར་པས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཞོགས་འདེགས་བྱས་ནས་བོད་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་གྲོང་སྡེའི་བུད་མེད་ལ་《ཨ་ཅག་གི་བཟོ་གྲྭ་བཅུ་གཉིས》ཞེས་པའི་མི་སྟོང་གི་ནུས་རྒྱུའི་འཆར་གཞི་བཀོད་དེ་གྲོང་གསེབ་ཀྱི་ལག་རྩལ་པ་300ཙམ་དང་མངགས་ཐོའི་གན་རྒྱ་བཞག་པ་དང་། ཚུར་ཉོའི་ཐོན་རྫས་ཉོ་ཚད་སྒོར་ས་ཡ་1དང་4འབུམ་ལྷག་ཙམ་ཟིན་ནས་གྲོང་གསེབ་དར་རྒྱས་གཏོང་བར་རོགས་འདེགས་བྱས་ཡོད་པ་རེད། 

 

 

       2022ལོར་སྒྲོལ་མ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། 2023ལོར་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར(གཅིག་ལྕོགས།)བདམས་ཐོན་བྱུང་། ད་ཆ་ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིར་བདམས་པ་རེད། ཁོང་གིས་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པས། བོད་ཀྱི་གཞོན་སྐྱེས་བུད་མེད་ཞིག་ཡིན་པའི་ངོས་ནས། མུ་མཐུད་དུ་འབད་བརྩོན་བྱས་ནས་ལས་གཏོད་ཁྲོད་དུ་བོད་ཀྱི་བུད་མེད་ཀྱི་སྟོབས་ཤུགས་སྔར་བས་མང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། ལྷ་སྟག་མཚོ། 

中央广播电视总台 央广网 版权所有

བོད་ཀྱི་གཞོན་སྐྱེས་བུད་མེད་འདི་ལ་མངོན་པར་བསྟོད།

ང་ཚོས་བོད་ནས་ཡོང་བའི་ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་སྒྲོལ་མར་རྒྱུས་ལོན་ཞིག་བྱེད།