ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྒྱལ་ཡོངས་ཀྱི་ཨང་དང་པོ། འཇམ་དཔལ་རྡོ་རྗེ་ངར་པོ་བྱུང་།

2023-10-26 15:38:00     责编:桑吉卓玛

རྒྱལ་ཡོངས་ཀྱི་ཨང་དང་པོ། འཇམ་དཔལ་རྡོ་རྗེ་ངར་པོ་བྱུང་།

 

 

ཟླ་10ཚེས་23ཉིན།

རྒྱལ་ཡོངས་མེ་ཟོན་རོགས་སྐྱོབ་རུ་ཁག་གི་

མེ་ལྕེ་སྔོན་པོ་ཞེས་པའི་དངོས་འཐབ་དྲག་རྩལ་འགྲན་བསྡུར་སྐབས་གཉིས་པའི་ཐོག

མཚོ་སྔོན་རྨ་ལྷོའི་འགྲན་ཞུགས་རུ་མི་འཇམ་དཔལ་རྡོ་རྗེ་ཡིས།

སྐར་མ་14དང་སྐར་ཆ་49དང་གྲངས་ཆུང་16གི་གྲུབ་འབྲས་ཐོག་ནས་

སྨི་5000གི་རྒྱུག་ཤར་འགྲན་བསྡུར་གྱི་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་ཡོད་པ་རེད།

 

 

ཟླ་6གི་རིང་ཟླ་རེར་སྤྱི་ལེ་400ལྷག་གི་རྒྱུག་ཤར་གློད་པའི་སྦྱོང་བརྡར་བྱས་ཏེ།

དཔྱིད་ཀ་ནས་སྟོན་ཁ་བར་དང་།

མཚོ་སྔོན་ནས་ཧྲན་ཏུང་བར།

ཁོང་གིས་ཉིན་གཅིག་ལ་དབྱེ་བ་མེད་པར་དཀའ་སྤྱད་འབད་བརྩོན་བྱས་མཐར།

རང་ཉིད་ཀྱི་འཇོན་ཐང་ངོམས་ཐུབ་པ་བྱས་ཡོད།

 

 

       འཇམ་དཔལ་རྡོ་རྗེ། སོག་རིགས། 2019ལོའི་ཟླ་12པར་མེ་ཟོན་རོགས་སྐྱོབ་དཔུང་ཁག་ནང་ཞུགས། ཀྲུང་གུང་ཏང་ཡོན་ཡིན། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་རྨ་ལྷོ་ཉིང་ལག་རུ་ཁག་ཧོ་ནན་རྫོང་རུ་ཆེན་ཧོ་ཆུས་ལམ་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་རིམ་པ་གསུམ་པའི་མེ་ཟོན་མི་སྣ་ཡིན།

 

 

       ལས་ཀར་ཞུགས་ནས་ལོ་བཞི་སོང་རིང་། ཁོང་གིས་འགན་འཁྲིའི་བསམ་པ་དང་སྙིང་རུས་ཆེ་བའི་ལས་བརྩོན་སྙིང་སྟོབས་ལ་བརྟེན་ནས་མཚོ་སྔོན་གྱི་མེ་གསོད་མེ་འགོག་གི་འཐབ་ས་དང་པོར་གཞི་ཚུགས་ཏེ་ཆུ་དང་མེ་ཡི་ཁྲོད་ནས་རང་ཉིད་ཀྱི་ལང་ཚོར་སྦྱོང་བརྡར་སྤྲད་ཅིང་། ཏང་ལ་བློ་དཀར་བ་དང་། སྒྲིག་ཁྲིམས་ནན་སྲུང་། རང་སྲོག་བློས་གཏོང་། བློ་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བརྗིད་ཉམས་ལྡན་པའི་དམ་བཅའ་ལག་བསྟར་ཏན་ཏིག་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་ལས་འགན་བསྒྲུབས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། རྡོ་ཐར། 
 

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་ཨང་དང་པོ། འཇམ་དཔལ་རྡོ་རྗེ་ངར་པོ་བྱུང་།

འཇམ་དཔལ་རྡོ་རྗེ། སོག་རིགས། 2019ལོའི་ཟླ་12པར་མེ་ཟོན་རོགས་སྐྱོབ་དཔུང་ཁག་ནང་ཞུགས། ཀྲུང་གུང་ཏང་ཡོན་ཡིན། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་རྨ་ལྷོ་ཉིང་ལག་