ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བསྲེགས་ཟས་ཁང་གི་འབར་གས་རྒྱུ་རྐྱེན་ཁྱབ་བསྒྲགས་བྱས་འདུག

2023-06-26 15:07:00     责编:桑吉卓玛

བསྲེགས་ཟས་ཁང་གི་འབར་གས་རྒྱུ་རྐྱེན་ཁྱབ་བསྒྲགས་བྱས་འདུག

       ཟླ་6ཚེས་24ཉིན། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུས་ཤིང་ཆིང་ཆུས་ཡན་ལག་ཅུས་ཀྱིས་ཧྥུའུ་ཡང་བསྲེགས་ཟས་ཁང་དུ་འབར་རླངས་འབར་གས་ཀྱི་ཆག་སྒོ་ཐོན་པའི་རྒྱུ་རྐྱེན་བརྡ་ཁྱབ་བཏང་འདུག བརྡ་ཁྱབ་ནང་། བསྲེགས་ཟས་ཚོང་ཁང་གི་སྤྱི་ཁྱབ་ཚོང་བདག་དང་ལས་དོན་མི་སྣས་རང་དགར་གནོན་ཤུགས་གཅོག་སྒོ་བརྗེས་པའི་དབང་གིས་གཤེར་གྱུར་རླངས་ཤོར་ནས་འབར་གས་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

       2023ལོའི་ཟླ་6ཚེས་21ཉིན་དབྱིན་ཁྲོན་གྲོང་ཁྱེར་ཤིང་ཆིང་ཆུས་ཧྥུའུ་ཡང་བསྲེགས་ཟས་ཁང་དུ་འབར་རླངས་འབར་གས་ཀྱི་ཆག་སྒོ་ཐོན་རྗེས། དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་མེ་ཟོན་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བརྟག་དཔྱད་འདྲི་རྩད་དང་རྩད་ཞིབ་ཞིབ་བཤེར་སོགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྤེལ་ཡོད།

       བརྟག་དཔྱད་བྱས་པ་བརྒྱུད། བསྲེགས་ཟས་ཁང་གི་སྤྱི་ཁྱབ་འགན་འཁུར་བ་ཧའེ་ཆེ་གེ་མོ་(རྐྱེན་ལམ་དུ་ཤོར་ཟིན་པ)དང་ལས་དོན་མི་སྣ་ལི་ཆེ་གེ་མོ་(རྐྱེན་ལམ་དུ་ཤོར་ཟིན་པ)གཉིས་ཀྱིས་འབྲེལ་ཡོད་བདེ་འཇགས་དོ་དམ་གྱི་གཏན་འབེབས་ལས་འགལ་ཏེ་རང་དགར་གཤེར་རླངས་མདོང་ལམ་འབྲེལ་མཐུད་ཀྱི་གནོན་ཤུགས་གཅོག་སྒོ་བརྗེས་པའི་རྐྱེན་གྱིས་གཤེར་རླངས་མགྱོགས་མྱུར་ངང་ཕྱིར་ཤོར་ནས་འབར་གས་བྱུང་སྟེ་མི་31རྐྱེན་ལམ་དུ་ཤོར་བ་དང་མི་7ལ་རྨས་སྐྱོན་ཕོག་པའི་ངན་འབྲས་ཚབས་ཆེན་བཟོས་ཡོད་པ་རེད། ཚོང་ཁང་དེའི་ཁྲིམས་གཏན་འཁེལ་བའི་སྦྱིན་བདག་མཱ་ཆེ་གེ་མོ་དང་། དངོས་སུ་མ་རྐང་ཚོད་འཛིན་བྱེད་མཁན་ཀྲང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ། ཚོང་ཁང་གི་འགན་འཁུར་མི་སྣ་སུའོ་ཆེ་གེ་མོ་སོགས་ཀྱིས་འགན་འཁྲི་ཚབས་ཆེན་ལས་འགལ་བའི་ཉེས་པ་བསགས་པའི་དོགས་པ་ཡོད་པས། མིག་སྔར་གོང་གསལ་གྱི་མི་4པོ་དེ་དག་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་འདི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

       གོམ་སྟབས་རྗེས་མར་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྔར་བས་མྱུལ་ཞིབ་བརྟག་དཔྱད་གཏིང་ཟབ་དང་གཏན་འཇགས་དཔང་རྟགས་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། མཁའ་སྤྱོད་དབང་མོ། 

 

 

འཛམ་གླིང་སྐར་ཁུངས།

ཝེ་རོན་ཀུང་སིར་དངུལ་ཆད་སྒོར་དུང་ཕྱུར་1.42བཅད་པ།

ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཉོ་ཚོང་ཨུ་ལྷན་གྱིས་སྤྱི་ཚེས་6ཉིན། ཝེ་རོན་མཉེན་ཆས་ཀུང་སིས《བྱིས་པའི་དྲ་ལམ་གསང་དོན་སྲུང་སྐྱོང་བཅའ་ཁྲིམས》ལས་འགལ་ཏེ།

中央广播电视总台 央广网 版权所有

བསྲེགས་ཟས་ཁང་གི་འབར་གས་རྒྱུ་རྐྱེན་ཁྱབ་བསྒྲགས་བྱས་འདུག

ཟླ་6ཚེས་24ཉིན། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུས་ཤིང་ཆིང་ཆུས་ཡན་ལག་ཅུས་ཀྱིས་ཧྥུའུ་ཡང་བསྲེགས་ཟས་ཁང་དུ་འབར་རླངས་འབར་གས་ཀྱི་ཆག་སྒོ་ཐོན་པའི་རྒྱུ་ར