ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འདི་ནས་འཛམ་གླིང་དུ་མཐོང་དཀོན་པའི་སྐྱེས་དངོས་རིཊ་གསར་པ་ཞིག་རྙེད།

2023-05-09 16:00:00     责编:桑吉卓玛

འདི་ནས་འཛམ་གླིང་དུ་མཐོང་དཀོན་པའི་སྐྱེས་དངོས་རིཊ་གསར་པ་ཞིག་རྙེད།

 

       ཀོང་ཏུང་ཙི་ཅིན་པའེ་ཤིའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཞུང་ཕྱོགས་སྐད་འཕྲིན་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཉེ་ལམ་པའེ་ཤིའི་སྲུང་སྐྱོང་ཁུལ་གྱི་ཞིབ་འཇུག་ཚོགས་པས་རྒྱལ་སྤྱིའི་ཆེད་ལས་རིག་གཞུང་དུས་དེབ་《Nordic Journal of Botany》ཞེས་པའི་དོག་ཧེ་ཡོན་ཅིན་ཚལ་“河源堇菜”གྱི་འབྲེལ་ཡོད་དཔྱད་རྩོམ་སྤེལ་བ་དང་། དབང་གྲགས་ལྡན་པའི་གསལ་འབྱེད་བྱས་པ་བརྒྱུད་ཧེ་ཡོན་ཅིན་ཚལ་ནི་འཛམ་གླིང་གི་མཐོང་དཀོན་པའི་རྩི་ཤིང་རིགས་གསར་པ་ཞིག་རེད།
 

པར་རིས། ཧེ་ཡོན་ཅིན་ཚལ་ནི་གཡང་གཟར་བྲག་ངོས་སུ་སྐྱེས་ཡོད་པ་དང་། སྨུག་མདོག་གི་འདབ་མ་ལྡན།
 

       པའི་ཤིའི་སྲུང་སྐྱོབ་ཁུལ་དོན་དམ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའམ་བཟོ་སྐྲུན་པ་ཡེ་ཆིན་ལའང་གིས་ངོ་སྤྲོད་བྱས་དོན། 2021ལོར་པའེ་ཤིའི་སྲུང་སྐྱོང་ཁུལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་ཧོ་ཡོན་གྲོང་ཁྱེར་ཙི་ཅིན་རྫོང་གི་ནུབ་རྒྱུད་ས་ཁུལ་དུ་རྩི་ཤིང་སྐྱེས་དངོས་ལ་བརྟག་ཞིབ་བྱེད་སྐབས་འཛམ་གླིང་དུ་མཐོང་དཀོན་པའི་སྐྱེས་དངོས་གསར་པ་ཞིག་རྙེད་པ་དང་། སྐྱེས་དངོས་རིགས་འདི་འཇིག་ཉེན་ཆེ་བའི་རྩི་ཤིང་དུ་གཏོགས་པ་དང་། མིང་ལ་ཧེ་ཡོན་ཅིན་ཚལ་ཞེས་བཏགས་པ་ཡིན། འདི་ནི་ཧེ་ཡོན་གྱིས་མིང་སྦྱར་བའི་རྩི་ཤིང་རིགས་དང་པོ་ཡིན་པ་དང་། ཧེ་ཡོན་ན་དམིགས་སུ་ཡོད་པའི་སྐྱེས་དངོས་རིགས་ཤིག་ཡིན།

 


 

       ཡེ་ཆིན་ལའང་གིས་ཧེ་ཡོན་ཅིན་ཚལ་ཞེས་པའི་སྐྱེས་དངོས་རིགས་གསར་པ་འདི་ཤེས་རྟོགས་བྱུང་བས་ཀོང་ཏུང་ཞིང་ཆེན་གྱི་སྐྱེས་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་ལ་རིན་ཐང་ཆེན་པོ་ལྡན་ལ། རྩི་ཤིང་རིགས་ཀྱི་མཛོད་ཉར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཀོང་ཏུང་གི་རི་སྐྱེས་རྩི་ཤིང་རིགས་ཀྱི་ཐོན་ཁུངས་རྒྱ་བསྐྱེད་པ་མ་ཟད། ལྗང་མདོག་གི་ཧེ་ཡོན་སྐྱེ་ཁམས་བསྐྲུན་པར་རམ་འདེགས་བྱ་ཐུབ་ཅེས་བརྗོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་ཨ་རི་ནི་ལྐོག་ཇུས་འདོན་མཁན་གཙོ་བོ་རེད་ཅེས་བཤད་འདུག

ཁོ་པེ་ཡིས་ད་དུང་ཨ་རིའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ལྐོག་ཇུས་འདོན་མཁན་སུ་ཡིན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

中央广播电视总台 央广网 版权所有

འདི་ནས་འཛམ་གླིང་དུ་མཐོང་དཀོན་པའི་སྐྱེས་དངོས་རིཊ་གསར་པ་ཞིག་རྙེད།

ཀོང་ཏུང་ཙི་ཅིན་པའེ་ཤིའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཞུང་ཕྱོགས་སྐད་འཕྲིན་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཉེ་ལམ་པའེ་ཤིའི་སྲུང་སྐྱོང་ཁུལ་གྱི་ཞིབ་འཇུག་ཚོགས་པས་རྒྱལ་སྤྱིའི་ཆེད་