ཀྲུང་ནན་ཧྲན་ནས་འཚོ་བ་རྒྱུན་གཏན་ཅན་དུ་སླར་གསོ་བྱེད་པའི་དུས་ཚོད་་་
སྤྱི་ཟླ་ 11 ཚེས་ 11 ཉིན་གྱི་དགོང་མོ།“མཉམ་དུ་འགྲོགས་ནས་འགྲོ། གོ་ལ་ཧྲིལ་པོའི་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།”ཞེས་པ་བརྗོད་གཞི་བྱས་པའི་གོ་ལ་ཧྲིལ་པོའི་གྲོང་སྤྱིའི་གླེང་སྟེགས་ཚང་འཛོམས་ཚོགས་ཆེན་ཀོང་ཀྲོའུ་གཡོད་ཤིའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ཏུ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཀྲུང་ནན་ཧྲན་གྱིས་ཆེད་དོན་གཏམ་བཤད་སྤེལ་ནས།ཀོང་ཀྲོའུ་ཡིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཉམས་མྱོང་དང་།
Delta ནད་དུག་གི་འགོ་ཁྱབ་ཀྱི་ཁྱད་ཆོས་དང་དེ་སྔོན་འགོག་བྱེད་སྟངས། ཏོག་གསར་ནད་དུག་སྔོན་འགོག་གི་ཐབས་ལམ་གཙོ་བོ་སྟེ་འགོག་ཁབ་རྒྱག་པའི་ཐད་ཀྱི་ལྟ་ཚུལ་སོགས་བརྗོད་པ་རེད།
ཏོག་གསར་རིམས་འགོག་སྨན་ཁབ་གཉིས་བརྒྱབ་པའི་ཐོག ད་དུང་འགོག་ཁབ་གསུམ་པ་རྒྱག་དགོས།ནད་དུག་ཡོངས་གསོད་རིམས་འགོག་སྨན་ཁབ་ (全病毒灭活疫苗) བམ་ཡང་ན་ mRNA རིམས་འགོག་སྨན་ཁབ་གང་ཡིན་རུང་།ལོ་ཕྱེད་ཀྱི་རྗེས་སུ་རིམས་འགོག་གི་ནུས་པ་མངོན་གསལ་དོད་པོས་མར་ཆག་སྲིད་ཅེས་བརྗོད་པ་སྟེ། ཀྲུང་ནན་ཧྲན་གྱིས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཚང་མར་རིམས་འགོག་གི་ནུས་པ་མར་ཆག་པའི་གནད་དོན་ཡོད་པས། རིམས་འགོག་སྨན་ཁབ་གསུམ་པ་རྒྱག་དགོས་ཅེས་བཤད་པ་རེད། མིག་སྔར་ཀྲུང་གོའི་མི་དུང་ཕྱུར་ 10.73 འགོག་ཁབ་བརྒྱབ་ཟིན་པ་དང་།འགོག་ཁབ་རྒྱག་ཚད་ 75.8% ཟིན་ཞིང་།འགོག་ཁབ་གསུམ་པ་བརྒྱབ་ཟིན་པ་མི་བྱེ་བ་ 4.1713 ཡོད་པ་རེད།
ད་ལོ་སྤྱི་ཟླ་ 10 ཚེས་ 7 ཉིན།ཆི་ལིའི་འཕྲོད་བསྟེན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན།ཁོའོ་ཤིང་འགོག་ཁབ་གསུམ་པ་ལ་སྲུང་སྐྱོང་གི་ཕན་འབྲས་ཆེ་ཆེན་པོ་ལྡན་ཞིང་།ནད་རྟགས་ལྡན་སའི་ཏོག་གསར་ནད་པ་ལ་སྲུང་སྐྱོང་གི་ནུས་པ་ 56% ནས་ 80% རུ་ཇེ་མཐོར་ཕྱིན་ཡོད་པ་རེད།
ཀྲུང་ནན་ཧྲན་གྱིས་ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་ཕན་འབྲས་ལྡན་ཏེ།ད་ལོའི་སྤྱི་ཟླ་5པར་ཀོང་ཀྲོའུ་རུ་ Delta གཞན་འགྱུར་དུག་སྡོང་ཐོན་སྐབས།རིམས་འགོག་སྨན་ཁབ་རྒྱག་མྱོང་མཁན་དག་ལ་ནད་ལྗིད་མོ་གཅིག་ཀྱང་བྱུང་མེད་པར་བརྗོད། Delta གཞན་འགྱུར་དུག་སྡོང་ལ་ལྐོག་ཡིབ་དུས་ཡུན་ཐུང་ཞིང་ཁྱབ་མཆེད་ཀྱི་མྱུར་ཚད་མགྱོགས་པའི་ཁྱད་ཆོས་ལྡན། Delta གཞན་འགྱུར་དུག་སྡོང་ནི་སྤྱིར་བཏང་གི་དུག་སྡོང་དང་འགོ་ནད་རང་བཞིན་གྱི་ནད་རིགས་གཞན་སོགས་ཀྱི་མཆེད་ཤུགས་དང་བསྡུར་ན། Delta གཞན་འགྱུར་གྱི་དུག་སྡོང་གི་འགོ་ཤུགས་ནི་ MERS སོགས་ལས་ཆེ་པ་རེད།
ནམ་ཞིག་ལ་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ་བམ། ཀྲུང་ནན་ཧྲན་གྱི་དབྱེ་ཞིབ་གསར་ཤོས།
Delta གཞན་འགྱུར་དུག་སྡོང་ལ་ཁ་གཏད་གཅོག་པར།ཀོང་ཀྲོའུ་ཡིས་བྱེད་ཐབས་སྣ་ཚོགས་སྤྱད་པ་སྟེ་དེ་དག་ནི།
“འབྲེལ་འདྲིས་དམ་ཟབ་”ཀྱི་གོ་དོན་གསར་སྒྱུར་བྱས་པ། Delta གཞན་འགྱུར་དུག་སྡོང་ལ་དམིགས་ནས།རིམ་པ་བགོས་ཏེ་སྒོ་རྒྱག་པ་དང་བཀག་སྡོམ་སོགས་གཏན་འབེབས་བྱས།
“ཨང་རྟགས་སེར་པོ”སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པ། གྲངས་གཞི་ཆེན་པོ་ལ་བརྟེན་ནས་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་ཚོགས་ཀྱི་ཨང་རྟགས“ཨང་རྟགས་སེར་པོ”བསྒྱུར་ཞིང་། “ཨང་རྟགས་སེར་པོ”ཅན་གྱི་མི་རྣམས་ལ་ཆུ་ཚོད་24ཡི་ནང་དུ་ཉིང་སྐྱུར་ལ་ཞིབ་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་ཏེ། “ཨང་རྟགས་སེར་པོ”ཅན་དག་གིས་ཉིང་སྐྱུར་ལ་ཞིབ་དཔྱད་བྱེད་ཐེངས་ཇེ་མང་དུ་བཏང་ཡོད།
བྱེད་ཐབས་རབ་དང་རིམ་པའི་སྤེལ་རྗེས། ཀོང་ཀྲུའུ་ཡི་ Delta གཞན་འགྱུར་དུག་སྡོང་གི་ཁྱབ་མཆེད་བསྡུར་གྲངས་མུ་མཐུད་དུ་ཇེ་དམའ་རུ་སོང་བ་རེད།
ཀྲུང་ནན་ཧྲན་གྱིས་རིམས་ནད་ཀྱི་དཀའ་གནད་ནི་ཇི་ལྟར་བྱས་ནས་དོ་སྙོམས་ཡོང་བ་བྱ་རྒྱུ་དེ་ཡིན་ཞིང་།ཕྱོགས་གཅིག་ནས་དཔལ་འབྱོར་བསྐྱར་གསོ་དང་།ཕྱོགས་གཅིག་ནས་རིམས་ནད་ཚོད་འཛིན་ཡག་པོ་བྱེད་པ།གནད་དོན་དེ་གཉིས་དོ་མཉམ་ཡོང་བར་རིམ་ནད་གནད་འཁེལ་སྔོན་འགོག་ཚོད་འཛིན་བྱེད་དགོས།ཡིན་ཡང་དེ་ནི་གཅིག་ཐོག་གཉིས་སྤོར་གྱིས་སྒྲིག་ལམ་འཇོག་དགོས་པ་མིན་ཏེ།སྒྲིག་ལམ་མང་དྲགས་ན་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བཤད་པ་རེད།
དུས་ནམ་ཞིག་ལ་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ་བམ། ཀྲུང་ནན་ཧྲན་གྱི་དབྱེ་ཞིབ་གསར་ཤོས།
ཀྲུང་ནན་ཧྲན་གྱིས། ནད་དུག་གིས་ཤི་ཚད་ 0.1% ཏུ་ཚོད་འཛིན་དང་། འདྲ་བཟོའི་སྟོན་གྲངས་ 1.0~1.5 བར་ཚོད་འཛིན་བྱེད་པ།ཁྱབ་མཆེད་བཏགས་གྲངས་མར་ཆག་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འཛོམས་ཚེ་ཡོངས་སུ་སྒོ་འབྱེད་བྱེད་ཆོག་སྙམ་གྱི་ཡོད། འོན་ཀྱང་དེའི་གོང་དུ་དམངས་ཡོངས་ཀྱིས་འགོག་ཁབ་རྒྱག་པ་དང་ཚོགས་སྤྱིའི་རིམས་འགོག་འཛུགས་པ་དང་།སྡེ་ཁུལ་མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་པ།ནུས་ལྡན་གྱི་སྨན་ཞིབ་བཟོ་བཅས་མངོན་འགྱུར་བྱུང་དགོས་ཅེས་བརྗོད།
“ཉེན་ཁ་ཡོངས་སུ་མ་སེལ་ཚེ།འཛམ་གླིང་ཧྲིལ་པོ་ཉེན་ཁར་ཐུག” ཅེས་ཀྲུང་ནན་ཧྲན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་ལྷོད་གཡེང་བྱེད་མི་རུང་ཚུལ་ཡང་ཡང་ནན་བཤད་བྱས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག བསྟན་འཛིན།
ཡིག་སྒྱུར། བྱམས་མཚོ།