ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ཡུལ་སྐོར་བ་ཞིག་གླང་ཆེན་གྱིས་རྡོག་རྫི་བཏང་ནས་བསད་པ།

2021-04-21 09:37:00     责编:娜科

 

 

 

     ཐེ་ལན་གྱི་རྫོང་ག་གེ་མོའི་རྒྱལ་ལམ་ག་གེ་མོའི་སྤྱི་གླིང་ཞིག་གི་བགྲོད་ལམ་བརྙན་མིག་དུ་བླངས་པའི་བརྙན་ཞིག་ཏུ། སྤྱི་ཚེས་15ཉིན་གྱི་ཞོགས་པར། སྤྲོ་གསེང་དུ་ཕེབས་པའི་སྐྱེས་པ་ཞིག་གིས་ལྕགས་ཐག་གིས་ལམ་འགྲམ་དུ་བཀྱིགས་པའི་གླང་ཆེན་ཞིག་ལ་བུར་ཤིང་སྟེར་སྐབས།  གླང་ཆེན་གྱིས་ཚུར་རྒོལ་བྱས་ཏེ་རྐྱེན་ལམ་དུ་ཤོར་ཡོད། 

 

    ཉེན་རྟོག་ཕྱོགས་ཀྱིས་ར་སྤྲོད་བྱས་་པ་ལྟར་ན།  ལོ་53ཡིན་པའི་སྐྱེས་པ་དེ་ནི་ཧོ་ལེ་གྲོང་ཁྱེར་སྲིད་གཞུང་གི་འཕྲོད་བསྟེན་ཆེད་མཁས་པ་ལཱ་ཧྲན་ཡིན་པ་དང་།  ཁྱིམ་མི་རྣམས་གདོང་ལ་སྐྱོ་བས་ཁེངས་ཏེ་ཧོ་ལེ་སྨན་ཁང་དུ་འདས་པོའི་ཕུང་པོ་ལེན་དུ་ཕྱིན་ཡོད་པ་དང་། ཁོང་གི་ཆུང་མས་སྐྱོ་གདུང་མ་བཟོད་པར་ཡུལ་དངོས་སུ་མིག་ཆུ་བཏོན་ཡོད་ཅིང་། སྐབས་ཤིག་རིང་དྲན་མེད་དུ་བརྒྱལ་ཏེ། ཁྱོ་ག་གློ་བུར་དུ་འཇིག་རྟེན་ལས་བྲལ་བ་དང་ལེན་བྱེད་ཐབས་བྲལ་ཡོད། 

 

    ཉེན་རྟོག་ཕྱོགས་ཉེན་བརྡ་འབྱོར་རྗེས་འཕྲལ་དུ་ཡུལ་དངོས་སུ་ཕྱིན་ཡོད་མོད། ཡིན་ནའང་ལཱ་ཧྲན་སྔ་ས་ནས་རྨས་སྐྱོན་ལྕི་མོ་ཕོག་སྟེ་བཅོས་ཐབས་མེད་པར་གྱུར་ཡོད་ཅིང་། ཆག་སྒོ་སློང་མཁན་ནི་ལམ་འགྲམ་གྱི་ཤིང་སྡོང་ཐོག་བཀྱིགས་པའི་ལོ་28ཅན་གྱི་གླང་ཆེན་མོ་“སྲེའུ”ཞེས་པ་དེ་ཡིན་ཞིང་། ལོ་མང་རིང་གླང་ཆེན་བདག་པོས་དེ་རུ་བཀྱིགས་ཏེ་ཡུལ་སྐོར་བའི་ལྟད་མོ་ལྟ་ཡུལ་དུ་བཏང་ཡོད།

 

 

    གླང་ཆེན་བདག་པོ་ནེ་ཕེ་ཡིས། དོན་རྐྱེན་བྱུང་བའི་ཉིན་མོ་དེར་ནམ་རྒྱུན་ལྟར་གླང་ཆེན་ཤིང་སྡོང་འོག་ཏུ་བཀྱིགས་ཡོད་ཅིང་། ཁོ་རང་དོན་རྐྱེན་བྱུང་ཡུལ་དང་ཐག་མི་རིང་བའི་ནགས་ཁྲོད་དུ་རྩྭ་འབྲེག་ཏུ་ཕྱིན་པ་ཡིན། ཕྱིར་ལོག་དུས་མི་ལ་ལས་དེ་རུ་སྐོར་གཟིགས་བྱེད་ཀྱི་ཡོད་པ་མཐོང་བྱུང་ལ། སྐྱོ་གར་འདི་འདྲ་འབྱུང་རྒྱུ་ཁོའི་ཡིད་ལ་རྩ་བ་ནས་འཁོར་མ་མྱོང་། ནམ་རྒྱུན་སྲེའུ་ཧ་ཅང་གཤིས་འཇམ་ཞིག་ཡིན། ཡུལ་སྐོར་བར་སྣེ་ལེན་བྱེད་པའམ་ཡང་ན་ཁོ་ཚོ་དང་འདྲ་པར་རྒྱག་པ། ཡང་ན་ཡུལ་སྐོར་བར་ཞོན་འདུ་འཇུག་པ་སོགས་གང་ཡིན་རུང་། ཁོང་གྲུང་པོ་ཡོད་ཅིང་ཁ་ལ་ཉན་མཁན་ཞིག་ཡིན་ཞེས་བསྟན་འདུག

  

 

    ཉེན་རྟོག་པས།  འདས་པོས་བུར་ཤིང་སྟེར་བའི་སྐབས་སུ་གླང་ཆེན་དང་བར་ཐག་ཉེ་དྲགས་པས་ད་གཟོད་གནོད་འཚེ་ཕོག་པ་ཡིན་ཤས་ཆེ། ཡིན་ནའང་རྒྱུ་མཚན་ཞིབ་ཕྲ་ད་དུང་མུ་མཐུད་དུ་བརྟག་དཔྱད་གཏན་འཁེལ་བྱེད་དགོས་ཞེས་བསྟན་ཡོད། 

  

    འདས་པོའི་ཕུ་བོ་ཡིས། དོན་རྐྱེན་མ་བྱུང་གོང་། ནུ་བོས་མན་ཀུའུ་ནས་ཁོང་གི་བུ་ཚུར་བླངས་མ་ཐག་ཡིན་ཞིང་། དེ་རྗེས་ཆུང་མ་དང་བུ་བུ་མོ་ཆ་གཅིག་སྟེ་བཟའ་མི་4ཁའོ་ཨེ་རུ་སྤྲོ་གསེང་གཏོང་དུ་ཕྱིན་པ་དང་། དོན་རྐྱེན་བྱུང་ས་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད།

 

 

    དོན་རྐྱེན་བྱུང་བའི་ཉིན་དེར། ནུ་བོ་སྔ་མོ་ནས་ཡར་ལངས་ཏེ་གཅིག་པུར་རླངས་འཁོར་བཏང་ནས་དགོན་པའི་ནང་མཆོད་འབུལ་དུ་ཕྱིན་ཡོད། ཕྱིར་ལོག་པའི་ལམ་བར་དུ་ཤིང་སྡོང་འོག་ཏུ་གླང་ཆེན་ཞིག་ཡོད་པ་མཐོང་ནས། གླང་ཆེན་དེར་གཟིགས་འདོད་སྐྱེས་ཏེ་རླངས་འཁོར་ལས་བབས་ཤིང་། བུར་ཤིང་ཉོས་ཡོང་ནས་གླང་ཆེན་ལ་སྟེར། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོར་གླང་ཆེན་གྱིས་ཚུར་རྒོལ་བྱས་ནས་རྐྱེན་ལམ་དུ་ཤོར་པ་རེད་ཅེས་བསྟན་འདུག

 

    ཁོང་གིས་ད་དུང་ཁྲིམས་དཔྱད་སྨན་པས་གསལ་འབྱེད་བྱས་པ་བརྒྱུད། ནུ་བོའི་དོན་སྣོད་ལ་གླང་ཆེན་གྱིས་རྡོག་རྫིས་ཆེན་པོ་བཏང་ཡོད་པ་དང་། ཕུང་པོར་རུས་ཆག་བྱུང་ཡོད་ས་མང་ཞེས་བཤད་འདུག མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་སྣང་མེད་ཟོན་མེད་བྱས་ནས་མི་གཞན་རྐྱེན་ལམ་དུ་ཤོར་དུ་བཅུག་པའི་ཉེས་མིང་ཐོག་ནས་གླང་ཆེན་བདག་པོ་ཁྲིམས་སྦྱོར་ཞུ་གཏུག་བྱས་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ 

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

▶ཡུལ་སྐོར་བ་ཞིག་གླང་ཆེན་གྱིས་རྡོག་རྫི་བཏང་ནས་བསད་པ།

ཁོང་གིས་ད་དུང་ཁྲིམས་དཔྱད་སྨན་པས་གསལ་འབྱེད་བྱས་པ་བརྒྱུད། ནུ་བོའི་དོན་སྣོད་ལ་གླང་ཆེན་གྱིས་རྡོག་རྫིས་ཆེན་པོ་བཏང་ཡོད་པ་དང་། ཕུང་པོར་རུས་ཆག་བྱུང་ཡོད་ས་མང་ཞེས་