ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བརྙན་ཐུང་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བྱེད་གཙོ་བོ་དེར་གྱུར་ཡོད།

2021-04-21 09:36:00     责编:娜科

     གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོར་ཀྲུང་གོ་བར་ཉིན་རེར་སྐར་མ་24ཡི་ངལ་གསོའི་དུས་ཚོད་མང་དུ་ཕྱིན་ཡོད་ཅིང་། ངལ་གསོའི་དུས་ཚོད་ནང་ཕལ་ཆེར་38%ཙམ་ཀྱིས་ཁ་པར་ལ་ལྟ་བཞིན་ཡོད་པ་རེད། མདུན་གྲལ་དུ་སླེབས་པའི་ཁ་པར་གྱི་རོལ་རྩེད་ཁག་གསུམ་པོ་ནི་བརྙན་ཐུང་ལ་ལྟ་བ་དང་། རོལ་རྩེད་རྩེ་བ། བརྙན་འཕྲིན་ཟློས་གར་དང་གློག་བརྙན་ལྟ་བ་བཅས་རེད།

 

 

    བརྙན་ཐུང་ལྟ་བ་ནི་མི་རྣམས་ཀྱི་དུས་ཚོད་མེད་པ་བཟོ་བའི་མཚོན་ཆ་ལྟ་བུ་ཞིག་ཏུ་འགྱུར་ཡོད། བསྡུར་བ་བྱས་ན་བུད་མེད་ཀྱིས་བརྙན་ཐུང་ལྟ་ཚད་སྐྱེས་པ་ལས་མཐོ་བ་ཡོད་པ་དང་། ཐད་གཏོང་ཟོག་ཉོའི་སྟེགས་བུའི་ཐོག་བུད་མེད་ཞུགས་ཚད་དེ་བས་མཐོ་བ་ཡོད། ཁྱེད་ཀྱིས་རྒྱུན་ལྡན་དུ་ཁ་པར་ལ་ལྟ་སྐབས་ཅི་ཞིག་བྱེད་བཞིན་ཡོད་དམ།

 

    བརྟག་དཔྱད་ཆེན་མོ་ལས་ཤེས་རྟོགས་བྱུང་བར། བརྒྱ་ཆ་སུམ་བཅུ་ཡན་གྱིས་ངལ་གསོའི་དུས་སུ་དྲ་ཐོག་ཟོག་ཉོ་ལ་དགའ་པོ་བྱེད་ཀྱི་ཡོད། ལོ་ཚད་མི་འདྲ་བའི་ཐད་ནས་བལྟས་ན་དྲ་ཐོག་ཟོག་ཉོར་དགའ་ཤོས་བྱེད་མཁན་ནི་95ལོའི་རྗེས་སུ་སྐྱེས་པའི་ན་གཞོན་ཡིན་ཞིང་། ལོ་60ཡན་གྱི་མི་ཚོགས་ཀྱང་རྗེས་སུ་ལུས་འདོད་མེད་པར་ཨང་གཉིས་པར་སླེབས་ཡོད།

 

 

    ལག་འཁྱེར་ཁ་པར་དང་། iPadསོགས་སྒུལ་སྐྱོད་དྲ་སྣེ་ནས་ཟོག་ཉོ་བྱེད་རྒྱུར་ཆེས་དགའ་བའི་མི་ཚོགས་ནི་ལོ་18ནས་25བར་གྱི་ན་གཞོན་ཚོ་ཡིན། སྲོལ་རྒྱུན་གྱི་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་ཁང་ནས་དངོས་པོ་ཉོ་རྒྱུར་དགའ་བའི་མི་ཚོགས་ནི་ལོ་ཚད་འཕར་བ་དང་བསྟུན་ནས་བསྡུར་ཚད་ཀྱང་ཚད་མི་འདྲ་བའི་འཕར་སྣོན་བྱུང་ཡོད། ཐད་གཏོང་ཟོག་ཉོའི་རྐང་འཛིན་སྟོབས་ཤུགས་ནི་ལོ་26ནས་59བར་གྱི་མི་ཚོགས་ཡིན་པ་དང་། ཐད་གཏོང་དྲ་ཐོག་ཏུ་ཁོང་ཚོའི་དངོས་པོ་ཉོ་བའི་སྤྲོ་སེམས་ནི་ཕལ་ཆེར་གཅིག་པ་ཡིན་ས་རེད།

 

    ཕོ་མོའི་ཁྱད་པར་ཐད་ནས་བལྟས་ན་སྒུལ་སྐྱོད་དྲ་སྣེ་APP སྟེང་ནས་དངོས་པོ་ཉོ་མཁན་ཕོ་མོའི་བསྡུར་ཚད་ལ་ཁྱད་པར་ཆེན་པོ་མེད། ཡིན་ནའང་སྐྱེས་པ་རྣམས་ཀྱིས་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་ཁང་དང་གློག་ཀླད་སྟེང་ནས་དངོས་པོ་ཉོ་བའི་བསྡུར་ཚད་བུད་མེད་ལས་ཆེས་ཆེར་བརྒལ་ཡོད་ཅིང་། ཐད་གཏོང་ཟོག་ཉོའི་སྟེགས་བུར་བུད་མེད་ ཞུགས་ཚད་དེ་བས་མཐོ་བ་ཡོད་པ་རེད།

 

 

    ད་དུང་རྣམ་པ་མི་འདྲ་བའི་གྲོང་ཁྱེར་གྱི་དྲ་ཐོག་ཟོག་ཉོའི་གནས་ཚུལ་ལ་བལྟས་ན། རིམ་པ་དང་པོའི་གྲོང་ཁྱེར་ནི་སྒུལ་སྐྱོད་དྲ་སྣེའི་APPསྟེང་ནས་དངོས་པོ་ཉོ་རྒྱུར་དགའ་ཞིང་། རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་གྲོང་ཁྱེར་གྱིས་ཐད་གཏོང་དང་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་ཁང་ནས་དངོས་པོ་ཉོ་མཁན་བསྡུར་ཚད་དེ་རིམ་པ་དང་པོའི་གྲོང་ཁྱེར་ལས་མཐོ་བ་ཡོད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར།  ཀླུ་འབུམ། 

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

བརྙན་ཐུང་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བྱེད་གཙོ་བོ་དེར་གྱུར་ཡོད།

ད་དུང་རྣམ་པ་མི་འདྲ་བའི་གྲོང་ཁྱེར་གྱི་དྲ་ཐོག་ཟོག་ཉོའི་གནས་ཚུལ་ལ་བལྟས་ན། རིམ་པ་དང་པོའི་གྲོང་ཁྱེར་ནི་སྒུལ་སྐྱོད་དྲ་སྣེའི་APPསྟེང་ནས་དངོས་པོ་ཉོ་རྒྱུར་དགའ་ཞིང་།