ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུཊ་གོང་འཕེལ་གཏོང་བཞིན་པ།

2024-04-18 11:16:00     责编:娜科
 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོ་དེ་ཡིན་པས། ངེས་པར་དུ་གསར་གཏོད་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་མྱུར་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ད་ལོ་ཚུན་དུ། རང་རྒྱལ་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་དང་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་བཀོད་ཇུས་རབ་དང་རིམ་པའི་འོག ས་གནས་ཁག་གིས་གཅིག་མཇུག་གཉིས་མཐུད་དུ་སྲིད་ཇུས་བྱ་ཐབས་བཏོན་ནས་ཁེ་ལས་ཀྱི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཐོན་ལས་རིམ་སྤོར་མགྱོགས་པོ་བྱས་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གྲུབ་པ་བྱས་ནས། རང་རྒྱལ་དཔལ་འབྱོར་གྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་རྒྱུར་རམ་འདེགས་བྱེད་བཞིན་ཡོད།

 

 

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་ཀྲུང་གོར། ཐོན་སྐྱེད་འཁོར་ཁང་ནས་ཞིབ་འཇུག་གསར་སྤེལ་ར་བ་བར་དང་། མཐའ་ཡས་རྒྱ་མཚོ་ནས་མུ་མེད་མཁའ་དབྱིངས་བར། གང་སར་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་ཚ་རླབས་འཕྱུར་བཞིན་ཡོད། 

བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་པ་ལས་བརྒྱ་ཆ་7.5འཕར་བ་དང་། དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི་གནས་1.1འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་འཇོག་བྱེད་ཚད་ཁག་སོ་སོར་བརྒྱ་ཆ་10.8དང་བརྒྱ་ཆ་12.7ཟིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྟོབས་ཆེའི་སྐུལ་འདེད་ནུས་པ་དང་འདེགས་སྐྱོར་ནུས་པ་མངོན་ཡོད།

 

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་ལས་འགན་གལ་ཆེན་པོ་དེ་ཡག་པོ་བསྒྲུབ་དགོས་པའི་ནན་སྟོན་ཐེངས་མང་གནང་ཡོད། ས་གནས་སུ་རྟོག་ཞིབ་གནང་རིང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཞེས་པའི་ཐ་སྙད་དེ་ཐེངས་དང་པོར་བཏོན་པ་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་བཀོད་སྒྲིག་གནང་བའི་བར་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་ཆ་ལག་ཚང་བའི་རྒྱས་བཤད་གནང་བ་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས་པ་ནན་སྟོན་གནང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་རིགས་གཞུང་གི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཟམ་མི་ཆད་པར་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་གནང་ཡོད། མི་རིང་བའི་གོང་། ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་དང་གོང་འཕེལ་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་རྒྱུའི་ཐད་བཀོད་ཇུས་གསར་པ་དང་བླང་བྱ་གསར་པ་བཏོན་གནང་ཡོད།

ད་ལོ་ཚུན་དུ།《གཞི་ཁྱོན་ལྡན་པའི་སྒྲིག་ཆས་བརྗེ་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེར་སྐུལ་འདེད་གཏོང་རྒྱུའི་བྱ་སྤྱོད་ཇུས་གཞི》ཡིས་དུང་ཕྱུར་ཁྲི་རིམ་པའི་གཞི་ཁྱོན་ལྡན་པའི་ཁྲོམ་ར་ཆེན་པོ་སྐུལ་སྤེལ་དང་། ཚད་གཞི་དམའ་རུ་བཏང་ནས་ཡུན་རིང་འཁོར་རྒྱུག་ཐུབ་པའི་དངུལ་སྒོར་དུང་ཕྱུར་ཁྲི་1ཙམ་བཏང་བ། སྤྱི་ཁོག་སྲིད་ཇུས་ཀྱི“མཉམ་སྡེབ་ཁུ་ཚུར”གྱིས་མཉམ་ཤུགས་འདོན་སྤེལ་བཅས་བྱས་ཡོད། སྲིད་ཇུས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཐོན་པ་དང་བསྟུན་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་ཉིད་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་བརྗེ་སྒྱུར་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ཤུགས་ཆེ་ཤེས་སུ་གྱུར་ཡོད་པ་རེད།

ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མགྱོགས་མྱུར་ཐོན་བཞིན་པ་སྟེ། རྒྱལ་ཐོན་གྲུ་གཟིངས་ཆེ་གྲས་དང་པོས་ཚོང་ལས་ཀྱི་འགྲུལ་བཞུད་ཐེངས་དང་པོ་བྱས་པ་དང་། ཐོན་གསུམ་པའི་རང་བརྟེན་གེགས་མེད་ཚད་རྡུལ་རྩིས་རྒྱག་འཕྲུལ་ཆས་ཀྱིས་ལས་སྒྲུབ་བྱེད་འགོ་ཚུགས་པ་སོགས་གཙོ་གནད་རྣམ་གྲངས་ཁྱུ་དང་ཁྱུ་ལས་གཏམ་བཟང་གྲགས་ཡོང་གི་ཡོད།

སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་མཐུད་སྟོབས་ཆེར་འགྲོ་བཞིན་ཡོད་དེ། དཔེ་དབྱིབས་ཆེན་པོས་ཚབ་མཚོན་བྱས་པའི་ཀུན་སྤྱོད་མི་ཐབས་རིག་ནུས་རྒྱུན་མཐུད་ངང་ཐོན་པ་དང་། གྲངས་གཞི་ཆེན་པོ་དང་ཟོག་སྦྲེལ་དྲ་རྒྱ་སོགས་མུ་མཐུད་གོང་འཕེལ་དང་བཀོལ་སྤྱོད་བྱེད་པ། ཐོན་ལས་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་འགྲོ་བཞིན་ཡོད། མི་རིང་བའི་གོང་། རླངས་འཁོར་ཚོགས་པ་དང་པོས་ཞིབ་འཇུག་གསར་སྤེལ་གསར་ཤོས་ཐུབ་པའི་དཔེ་དབྱིབས་ཆེན་པོ་དེ་ཁེ་ལས་ཀྱིས་ཇུས་ཐག་གཅོད་པ་དང་ཐོན་སྐྱེད་བྱ་རྒྱུར་སྤྱད་ཡོད་པ་རེད།

 

 

ཐོན་རྫས་གསར་པ་དང་ཐོན་ལས་གསར་པ་མགྱོགས་མྱུར་གོང་འཕེལ་འགྲོ་བཞིན་ཡོད་དེ། བཟོ་གྲྭར་འཁོར་རྟགས་བསྒར་བ་དང་གྲོང་མིའི་ཁྱིམ་དུ་ཁྱིམ་ལས་ཙག་ཙིག་སྒྲུབ་པ་སོགས་མི་རིང་བའི་གོང་མིའི་གཟུགས་དབྱིབས་ཀྱི་འཕྲུལ་མི་ཞིག་ས་ཆ་མང་པོར་བཀོལ་སྤྱོད་བྱས་ཡོད། འཁོར་ཁང་ནང་སྐར་ཆ་53རེར་ནུས་རྒྱུ་གསར་པའི་རླངས་འཁོར་རེ་ཐོན་སྐྱེད་ཐུབ་པ་དང་། གྲུ་ཁར་དངོས་ཟོག་བྱུར་བུར་བླུགས་པའི་གྲུ་གཟིངས་རེ་རེ་རྡོག་ཐོན་གྱི་གྲ་སྒྲིག་བྱེད་བཞིན་ཡོད། ད་ལོའི་དུས་ཚིགས་དང་པོར། ཐོན་རྫས་གསར་པ་ཁག་གོང་འཕེལ་མྱུར་པོ་འགྲོ་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད་དེ། ཞབས་ཞུའི་འཕྲུལ་མི་བརྒྱ་ཆ་26.7འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་ཁག་སོ་སོར་བརྒྱ་ཆ་28.2དང་བརྒྱ་ཆ་31.8འཕར་བ། ཕྱིར་གཏོང་བརྒྱ་ཆ་23.8འཕར་ཡོད།

མ་འཇོག་གསར་པ་དང་རྨང་གཞིའི་སྒྲིག་ཆས་གསར་པ་མགྱོགས་མྱུར་དོན་འཁྱོལ་ཐུབ་བཞིན་ཡོད་དེ། 5Gསྦྲེལ་ཚུགས་ཀྱི་སྤྱི་འབོར་ཁྲི་350ལས་བརྒལ་བ་དང་། ཤར་གྲངས་ནུབ་རྩིས་དང་འོད་སྐུད་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་གསར་པ་རྒྱུན་མཐུད་གོང་འཕེལ་མྱུར་པོ་འགྲོ་བ། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་2023ལོར་དུང་ཕྱུར་ཁྲི་12ལས་བརྒལ་བ། དེས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བརྒྱ་ཆ་10ཡས་མས་ཟིན་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། རིན་ཆེན་དབང་འདུས། 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུཊ་གོང་འཕེལ་གཏོང་བཞིན་པ།