ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ལས་དོན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས་པ་དང་། ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

2025-03-18 14:49:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ལས་དོན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་ཚེས་17ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཏིང་ཞུའེ་ཞང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་བྱ་གཞག་བསྒྱུར་བཅོས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ལ་དམ་པོར་དམིགས་ཤིང་། མཐོ་རིམ་སློབ་གསོའི་ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་བརྟན་པོ་ཆུད་པ་དང་། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་སློབ་ཆེན་གཉེར་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐོ་རིམ་སློབ་གསོ་ཆེ་བ་ནས་སྟོབས་ཆེའི་བར་མ་ལག་རང་བཞིན་གྱི་མཆོང་བརྒལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་སྣེ་ཁྲིད་སྟོབས་ཤུགས་གཏོད་དགོས་ཞེས་བསྟན་གནང་ཡོད། 
ཏིང་ཞུའེ་ཞང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་དམིགས་འབེན་གཏན་འཁེལ་བྱས་ནས། མཐོ་རིམ་སློབ་གསོའི་སྣེ་ཁྲིད་ནུས་པ་སྔར་ལས་ལེགས་པ་འདོན་སྤེལ་བྱ་དགོས། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ཏེ། ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱ་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྩེར་སོན་གྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་གང་མགྱོགས་བྱེད་པ། ཚན་རྩལ་རྣམ་གྲངས་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བཅས་བྱ་དགོས། མཐོ་སློབ་བསྒྱུར་བཅོས་འཕེལ་རྒྱས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་དང་། “རྩེ་གྲ་གཉིས”འཛུགས་སྐྱོང་མགྱོགས་སུ་གཏོང་བ། སྤུས་ལེགས་ དངོས་གཞིའི་ཚན་ཁག་གི་སློབ་གསོ་མཁོ་སྤྲོད་བྱ་རྒྱུ་གོ་རིམ་ལྡན་པའི་ངང་མང་དུ་གཏོང་བ། རིག་ཚན་དང་ཆེད་ལས་ཀྱི་དཀར་ཆག་དོ་དམ་དང་འགུལ་རྣམ་ལེགས་སྒྲིག་ལེགས་སུ་གཏོང་བ་བཅས་བྱ་དགོས། མཐོ་སློབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། གཞོན་སྐྱེས་དགེ་རྒན་ལ་སེམས་ཁུར་དང་གཅེས་སྐྱོང་དེ་བས་མང་བ་བྱ་དགོས། མཐོ་རིམ་སློབ་གསོ་ཕྱི་ཕྱོགས་སྒོ་དབྱེ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། རྒྱལ་སྤྱི་ཅན་གྱི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་དགོས། མཐོ་སློབ་ཀྱི་ཧྲུའུ་ཅི་དང་སློབ་སྤྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་དང་སློབ་གསོ་མཁས་ཅན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། དགེ་སློབ་ཀྱི་མིག་དཔེ་དང་སྣེ་ཁྲིད་པ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་དང་མཐོ་སློབ་གཞན་དག་ཁག་གཅིག་དང་། དེ་བཞིན་ཞིང་ལྗོངས་དང་གྲོང་ཁྱེར་ཁག ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད། 

འཛམ་གླིང་སྐར་ཁུངས།

▶“བྱང་ཆིངས་ནང་ཞུགས་ཐུབ་ན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག”

ཙེ་ལན་སི་ཅིས་ཟླ་2པའི་ཚེས་28ཉིན་ཨ་རིར་འཚམས་འདྲི་ཞུ་རིང་ཕོ་བྲང་དཀར་པོར་ ཐེ་རོན་ཕུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་གྲོས་མོལ་བྱས་ཡོད།

中央广播电视总台 央广网 版权所有

སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ལས་དོན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས་པ་དང་། ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ལས་དོན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་ཚེས་17ཉིན་པེ་ཅིང་དུ་འཚོགས་པ་རེད།