ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶“བྱང་ཆིངས་ནང་ཞུགས་ཐུབ་ན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག”

2025-03-11 14:49:00     责编:娜科

 

 

ས་གནས་དེ་གའི་དུས་ཚོད་ཟླ་3པའི་ཚེས་2ཉིན། དབྱིན་ཇིར་འཚམས་འདྲི་ཞུ་བཞིན་པའི་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་བཅར་འདྲི་དང་ལེན་བྱེད་སྐབས།     གལ་ཏེ་ཡུག་རེན་བྱང་ཆིངས་ནང་ཞུགས་ཐུབ་པ་ཡིན་ན། ཙུང་ཐུང་གི་འགན་གནས་ལས་དགོངས་ཞུ་བྱས་ཆོག་ཅེས་ངས་དེ་སྔ་ནས་དེ་ལྟར་བཤད་མྱོང་ཞེས་བསྟན་ཡོད།

ཙེ་ལན་སི་ཅི་ཡིས་ད་དུང་། གལ་སྲིད་འབྲེལ་ཡོད་ཕྱོགས་ཁག་ཚང་མས་གྲ་སྒྲིག་ཡག་པོ་ བྱས་ཚར་ཡོད་ན། ཡུག་རེན་གྱིས་གཏེར་ཁའི་གྲོས་ཆོད་ལ་ལ་མིང་རྟགས་འགོད་སྲིད་ཅེས་བརྗོད་ཡོད།

 

 

ཙེ་ལན་སི་ཅིས་ཟླ་2པའི་ཚེས་28ཉིན་ཨ་རིར་འཚམས་འདྲི་ཞུ་རིང་ཕོ་བྲང་དཀར་པོར་ ཐེ་རོན་ཕུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་གྲོས་མོལ་བྱས་ཡོད། ཁོང་གསུམ་པོས་སྨྱན་སྦྱོར་གྱི་མདུན་དུ་རྩོད་རེས་དྲག་པོ་བྱས་པ་དང་། ཙེ་ལན་སི་ཅི་ཕོ་བྲང་དཀར་པོ་ནས་སྔ་སྣུར་དུ་ཁ་འབྲལ་དགོས་བྱུང་བ་རེད། ཕྱོགས་གཉིས་པོས་འཆར་གཞི་ལྟར་གྲོས་མོལ་མཇུག་སྒྲིལ་རྗེས་འཚོག་རྒྱུའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུ་མེད་པར་བཟོས་པ་དང་། ཨ་རི་དང་ཡུག་རེན་བར་གྱི་གཏེར་ཁའི་གྲོས་ཆོད་ལའང་མིང་རྟགས་འགོད་ཐུབ་མེད་པ་རེད། 

ཟླ་2པའི་ཚེས་23ཉིན། ཙེ་ལན་སི་ཅི་ཡིས་གལ་སྲིད་ཞི་བདེ་ཡོང་གི་ཡོད་ན་ངས་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག ཡང་ན། བྱང་ཆིངས་ནང་ཞུགས་ཐུབ་པ་ཡིན་ན་ངས་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག་ཅེས་བརྗོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། ལྷ་སྟག་མཚོ། 

འཛམ་གླིང་སྐར་ཁུངས།

ཨ་རིས་ཡུག་རེན་ལ་གནས་སྐབས་དམག་དོན་རོགས་སྐྱོར་བྱེད་མཚམས་བཞག་པ།

ས་གནས་དེ་གའི་དུས་ཚོད་ཟླ་3པའི་ཚེས་3ཉིན། ཨ་རིའི་དཔོན་རིགས་ཤིག་གིས་ཐེ་རོན་ཕུ་སྲིད་གཞུང་གིས་ཡུག་རེན་ལ་གསར་དུ་མཚོན་ཆ་ཕྱིར་ཚོང་བྱེད་པར་མ་དངུལ་མཁོ་འདོན་བྱེད་མཚམས་བཞག་པ་མ་ཟད།

中央广播电视总台 央广网 版权所有

▶“བྱང་ཆིངས་ནང་ཞུགས་ཐུབ་ན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག”

ཙེ་ལན་སི་ཅིས་ཟླ་2པའི་ཚེས་28ཉིན་ཨ་རིར་འཚམས་འདྲི་ཞུ་རིང་ཕོ་བྲང་དཀར་པོར་ ཐེ་རོན་ཕུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་གྲོས་མོལ་བྱས་ཡོད།