ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་གྲུ་བཅོ་བརྒྱད་པའི་མཁའ་སྐྱོད་པ་བདེ་བླག་ངང་བར་སྣང་དུ་སླེབས།

2024-04-26 16:02:00     责编:卓玛才让
ཀྲུང་གོ་མི་བཞུགས་མཁའ་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་བཅོ་བརྒྱད་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་འཁོར་ལམ་ཐོག་བསྐྱོད་རྗེས། པེ་ཅིང་གི་དུས་ཚོད་2024ལོའི་ཟླ་4ཚེས་26ཉིན་གྱི་ཆུ་ཚོད་3དང་སྐར་མ་32ཐོག བར་སྣང་ས་ཚིགས་ཐེན་ཧོ་ལྟེ་བའི་གྲུ་ཚང་གི་ཚངས་ཕྱེད་ཕྱོགས་ཀྱི་མཐུད་སྣེ་དང་བདེ་བླག་ངང་སྦྲེལ་མཐུད་ཐུབ་པ་དང་། རང་འགུལ་འདུ་འཛོམས་སྦྲེལ་མཐུད་ཀྱི་བརྒྱུད་རིམ་ཆ་ཚང་ལ་ཧ་ལམ་ཆུ་ཚོད་6.5སྤྱད་ཡོད་པ་རེད། 
ལས་འགན་གྱི་འཆར་གཞི་ལྟར་མཁའ་སྐྱོད་པ་3དེའི་རྗེས་སུ་ལྷ་གྲུ་བཅོ་བརྒྱད་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་ནས་བར་སྣང་ས་ཚིགས་ཐེན་ཧོ་ལྟེ་བའི་གྲུ་ཚང་དུ་འཛུལ་རྒྱུ་ཡིན་པ་རེད། ལྷ་གྲུ་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་གིས་ལྷ་གྲུ་བཅོ་བརྒྱད་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་བཅའ་སྡོད་བྱེད་པའི་གྲ་སྒྲིག་ལས་དོན་ཚང་མ་སྒྲུབ་ཟིན་པ་དང་། ཆ་སྙོམས་ལོ་ཚད་རང་ལོ་40ལ་མ་སླེབས་པའི“འཕུར་སྐྱོད་ཚན་སྡེབ”ནས“མཁའ་ཡི་ཕོ་བྲང”དུ་ལྷན་འཛོམས་བྱུང་ཡོད།

中央广播电视总台 央广网 版权所有

ལྷ་གྲུ་བཅོ་བརྒྱད་པའི་མཁའ་སྐྱོད་པ་བདེ་བླག་ངང་བར་སྣང་དུ་སླེབས།

ཀྲུང་གོ་མི་བཞུགས་མཁའ་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་བཅོ་བརྒྱད་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་འཁོར་ལམ་ཐོག་བསྐྱོད་རྗེས།