ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དུས་ཚིགས་དང་པོར་རང་རྒྱལ་གྱིས་འཛུགས་སྐྲུན་བྱས་པའི་ཆུ་བེད་རྣམ་གྲངས་ཀྱི་གྲངས་འབོར་དེ་ན་ནིང་དུས་མཚུངས་ལས་མང་བ།

2024-04-24 17:28:00     责编:娜科
 

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   སྤྱི་ཚེས་22ཉིན་ཆུ་བེད་པུས་ངོ་སྤྲོད་བྱས་པར་གཞིགས་ན།   ད་ལོའི་དུས་ཚིགས་དང་པོར།  རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ནང་མ་འཇོག་བྱས་པ་དེ་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཆེས་མང་ཤོས་ཀྱི་ཟིན་ཐོ་བཀོད་ཡོད་ཅིང་།  ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུའི་ཐད་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

     ད་ལོ་ཚུན་དུ། རང་རྒྱལ་གྱིས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་།  དུས་ཚིགས་དང་པོར།  རྒྱལ་ཡོངས་སུ་འཛུགས་སྐྲུན་བྱས་པའི་ཆུ་བེད་རྣམ་གྲངས་ཁྲི་གཉིས་དང་སུམ་སྟོང་ལྔ་བརྒྱ་ཟིན་པ་དང་སྐྲུན་བཞིན་པའི་གཞི་ཁྱོན་དེ་སྒོར་དུང་ཕྱུར་བཞི་ཁྲི་བདུན་སྟོང་ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་15.8%དང་12.3%འཕར་ཡོད།  ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཁྲེན་རྨིན་གྱིས།  དུས་ཚིགས་དང་པོར་ཆུ་བེད་ཐད་མ་འཇོག་བྱས་ཚད་དངུལ་སྒོར་དུང་ཕྱུར་7787ཟིན་པ་དང་།   ན་ནིང་གི་དུས་མཚུངས་ལས་93.3%འཕར་ཡོད།  ཆུ་བེད་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་1933བྱས་པ་དང་།  ན་ནིང་གི་དུས་མཚུངས་ལས་4.4%འཕར་ཡོད་ཅིང་།  ལོ་རྒྱུས་ཀྱི་དུས་མཚུངས་དང་བསྡུར་ན་ཆེས་མང་ཤོས་ཡིན། སྤྱིའི་མ་འཇོག་སྒོར་དུང་ཕྱུར་གཅིག་ཡན་གྱི་ཆུ་བེད་རྣམ་གྲངས་གསར་དུ་ལས་འགོ་བཙུགས་པ་687ཟིན་པ་དང་།  དེ་ནི་ན་ནིང་གི་དུས་མཚུངས་ལས་94.6%འཕར་ཡོད།  རྣམ་གྲངས་འབོར་ཆེན་ལག་བསྟར་བྱས་པས།  ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་པའི་གཞི་ཁྱོན་དང་འཕེལ་རིམ་རྒྱུན་འཁྱོངས་བྱེད་པའི་ཐད་རྨང་གཞི་བཏིང་ཡོད་ཅེས་གསུངས་ཡོད།

       ད་ལོའི་དུས་ཚིགས་དང་པོར།  ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། ཁྲེན་རྨིན་གྱིས།  ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭར་ཆུ་ཡུར་ཧྲིལ་པོར་ཆུ་ཤར་གཏོང་ཐུབ་ཡོད་ཅེས་གསུངས་ཡོད།

       སྤྱི་ལོ་2023ལོར།   ཅིང་ཅིན་ཅི་སོགས་བྱང་ཕྱོགས་ཁུལ་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་པ་དང་།  ཆུ་བེད་ལས་གྲྭར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།   ཁྲེན་རྨིན་གྱིས།  མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་ཆུ་བེད་པུའི་བསྡོམས་རྩིས་ཁྱབ་ཁོངས་ནང་ཚུད་པའི་ཆུས་གཏོར་སྐྱོན་བཏང་བའི་ཉམས་བཟོའི་རྣམ་གྲངས་ཆེ་ཁག་5542ཡོད་པའི་ནང་5112ཉམས་བཟོ་བྱས་ཚར་ཡོད་ཅིང་། སྤྱིའི་ཉམས་བཟོ་བྱེད་ཚད་92.2%ཟིན་ཡོད།  འཆར་གཞི་ལྟར་ན་སྤྱི་ཟླ་6པའི་ཟླ་མཇུག་གོང་ཚང་མ་ལེགས་སྒྲུབ་ཟིན་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད།

中央广播电视总台 央广网 版权所有

དུས་ཚིགས་དང་པོར་རང་རྒྱལ་གྱིས་འཛུགས་སྐྲུན་བྱས་པའི་ཆུ་བེད་རྣམ་གྲངས་ཀྱི་གྲངས་འབོར་དེ་ན་ནིང་དུས་མཚུངས་ལས་མང་བ།

འཆར་གཞི་ལྟར་ན་སྤྱི་ཟླ་6པའི་ཟླ་མཇུག་གོང་ཚང་མ་ལེགས་སྒྲུབ་ཟིན་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད།