ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་དང་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་ཧན་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ།

2024-04-24 17:25:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་དང་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་ཧན་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་ཡོད།

ཞིབ་བཤེར་བྱས་པ་བརྒྱུད། ཧན་ཡུང་གི་ཕུགས་བསམ་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་དང་རྒྱབ་འགལ་བྱས་པ། ཆབ་སྲིད་ཀྱི་འདུ་ཤེས་ཞན་པ། འགན་འཁྲི་མི་འཁུར་བ་དང་འཐབ་རྩོད་བྱེད་མི་ཕོད་པ། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དང་གྲོགས་པོ་སྒྲིག་པ། ཆབ་སྲིད་ཐད་མགོ་བདེ་དྲན་འཕྲུལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ། སྒྲིག་འགལ་ངང་མི་གཞན་གྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོ་དང་ལེན་བྱས་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་བ། རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་བྱེད་པ་དང་དེར་ཁེ་ཕན་སྒྲུབ་པ། གོ་གནས་འཚོང་བ། སྤྱོད་གཙང་གི་མ་མཐའི་མཚམས་ཐིག་ཉམས་པ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ། སྒྲིག་འགལ་ངང་རིན་གོང་དམའ་པོས་ཁང་པ་ཉོ་བ། སྒྲིག་འགལ་ངང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་བྱས་པ། ཁྱིམ་སྲོལ་ཡང་མི་དག་པ། སྤྱི་དོན་དབང་ཆ་དེ་སྒེར་དོན་གཉེར་བའི་ལག་ཆར་བརྩིས་ནས། དབང་ཆ་དང་རྒྱུ་དངུལ་བརྗེ་འཚོང་ཆེན་པོ་བྱས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་གྱིས་ཁེ་ལས་གཉེར་སྐྱོང་དང་། ལས་བྱེད་པ་བསྐོ་སྤྱོད། ལས་གྲྭ་འགན་གཙང་ལེན་པ་སོགས་ཀྱི་ཐད་ཁེ་བཟང་ཐོབ་ཐབས་བྱས་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཧན་ཡུང་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་གནས་ཀྱི་ཁྲིམས་འགལ་ཉེས་བསགས་ཚབས་ཆེན་བྱས་པ་དང་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་བྱས་མེད་པས། དེའི་ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། ཐག་གཅོད་ནན་པོ་བྱེད་དགོས་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིགདང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས དེ་བཞིན་གཞུང་ཞབས་མི་སྣར་སྲིད་དོན་ཆད་པ་གཅོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམསསོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་ནས་ཆོག་མཆན་སྤྲོད་རྒྱུར་སྙན་སེང་ཞུས་པ་བརྒྱུད། ཧན་ཡུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུ་དང་། ཁོ་པས་ལོངས་སུ་སྤྱོད་པའི་ཐོབ་ཐང་གཏན་འབེབས་ལྟར་མེད་པར་བཟོ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་དག་རྩིས་ལེན་བྱ་རྒྱུ། ཁོ་པའི་ཉེས་བསགས་དོགས་ཡོད་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ་དགོས་པ་དང་། གྱོད་འབྲེལ་རྒྱུ་ནོར་དག་མཉམ་དུ་སྐྱེལ་རྒྱུའི་ཐག་བཅད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཡིག་སྒྱུར། མཚམས་གཅོད།

 

 

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་དང་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་ཧན་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ།

གྱོད་འབྲེལ་རྒྱུ་ནོར་དག་མཉམ་དུ་སྐྱེལ་རྒྱུའི་ཐག་བཅད་ཡོད་པ་རེད།