ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱི་དུས་ཚིཊ་དང་པོའི་དཔལ་འབྱོར་འཕེལ་རྒྱས་ལེཊ་པ།

2024-04-20 16:06:00     责编:娜科

སྤྱི་ཟླ་4པའི་ཚེས་19ཉིན།  གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ་2024ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། དམིགས་ཚད་ཁག་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཚད་གཞི་མང་པོ་ཞིག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་604.31ཟིན་ནས་དུས་མཚུངས་ལས་5.1%འཕར་ཡོད། 

དུས་ཚིགས་དང་པོར། ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། དེའི་ཁྲོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12803ཟིན་པ་དང་། དུས་མཚུངས་ལས་6.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།  གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2764ཟིན་ནས་དུས་མཚུངས་ལས་9.3%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། 

 

 

དུས་ཚིགས་དང་པོར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་དང་བསྡུར་ན་37.7%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་21.8ཟིན་པ་དེ་དུས་མཚུངས་དང་བསྡུར་ན་216.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 

དུས་ཚིགས་དང་པོར། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཚུངས་ལས་12.1%འཕར་ནས་འཕར་ཚད་ཟླ་བ་དང་པོ་གཉིས་པ་དང་བསྡུར་ན་བརྒྱ་ཆའི་གནས་6.3གྱིས་མགྱོགས་པ་དང་། སྤྱི་ཟླ་3པར་20.9%འཕར་སྣོན་བྱུང་བ། དམངས་ཁྲོད་མ་འཇོག་15%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པ་སླེབས་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག  ཚེ་རིང་ཕུན་ཚོགས། མིག་དམར་རྒྱ་མཚོ། 

གསར་འགོད་པ། བསྟན་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་དུས་ཚིཊ་དང་པོའི་དཔལ་འབྱོར་འཕེལ་རྒྱས་ལེཊ་པ།

དུས་ཚིགས་དང་པོར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་དང་བསྡུར་ན་37.7%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་21.8ཟིན་པ་དེ་དུས་མཚུངས་དང་བསྡུར་ན་