ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་སའི་སྒྱུར་འཕེལ་བརྟན་གསུམ་ལ་ཐོབ་པའི་གྲུབ་འབྲས།

2024-04-19 15:26:00     责编:娜科

  གསར་འགོད་པར་སྤྱི་ཚེས་18ཉིན་སྐོང་འཚོགས་བྱས་པའི་བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར་ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་འོག་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་ལོ་ངོ་65རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་ཡོད།     ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཐེབས་ཡོད།  

 

 

ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའུ་ཀྲང་ཝང་ཧུའེ་ཡིས།   ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་མུ་མཐུད་ལེགས་སུ་ཕྱིན་པ་དང་ལྷ་ས་གྲོང་ཁྱེར་དུ་ལོ་15བསྟུད་མར་ཆབ་སྲིད་རང་བཞིན་དང་།    ཚོགས་པའི་རང་བཞིན།    གཏུམ་སྤྱོད་འཇིགས་སྐུལ་བཅས་ཀྱི་གྱོད་གཞི་གལ་ཆེན་ཐོན་མེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་མི་སེམས་སུ་ཟུག་ཅིང་།    ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་ཅན་དུ་གྱུར་བ།    གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་ནུས་ལྡན་བྱུང་ཡོད།  དཔལ་འབྱོར་ཁྱབ་ཁོངས་སུ་ལྷ་ས་གྲོང་ཁྱེར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་དེ།      ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ་1959ལོའི་སྒོར་དུང་ཕྱུར་0.41ནས་སྤྱི་ལོ་2023ལོའི་སྒོར་དུང་ཕྱུར་834.79བར་འཕར་བ་དང་ལོ་རེར་ཆ་སྙོམས་11.1%འཕར་ཡོད།     ཐོན་ལས་གྲུབ་ཚུལ་ལེགས་སུ་གཏོང་བ་དང་རིམ་སྤར་བྱས་ཏེ་རིག་གནས་ཡུལ་སྐོར་དང་།    དེང་རབས་ཞབས་ཞུ།    ས་ཞིང་དྭངས་གཙང་བདེ་ཐང་སོགས་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

ཝང་ཧུའེ་ཡིས།  དམངས་འཚོའི་བདེ་སྐྱིད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་ཡུལ་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོ་ལྡབ་438དང་ལྡབ་249འཕར་ཡོད།     སློབ་གསོ་དང་།    སྨན་བཅོས།    ལས་ཞུགས་སོགས་ཀྱི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།     ནོར་སྲིད་ཡོང་འབབ་80%དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར།  བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།    

 

 

མིག་སྔར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྷ་སའི་ལས་ཀའི་གཙོ་གནད་དུ་གྱུར་ནས་ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་བྱས་པའི་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་གསུམ་ཆ་གཅིག་བཟུང་བ་དང་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།     ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་དར་བ་དང་སྣོད་བཅུད་ཡུལ་སྐོར་སོགས་ཐོན་ལས་ཀྱིས་མང་ཚོགས་ལ་སྣོད་བཅུད་སྲུང་སྐྱོང་ལ་བརྟེན་པའི་དངུལ་ཁུག་ལྗིད་ཏིག་ཏིག་བྱུང་བ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་ནམ་མཁའ་སྔོ་ཞིང་དྭངས་ལ། ཆུ་མོ་དྭངས་ཞིང་གཙང་བ།  རི་བོ་སྔོ་ལྗང་གིས་བརྒྱན་པ་སོགས་སྣོད་བཅུད་རིན་ཐང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ། 

གསར་འགོད་པ། བསྟན་དབང་། 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ལྷ་སའི་སྒྱུར་འཕེལ་བརྟན་གསུམ་ལ་ཐོབ་པའི་གྲུབ་འབྲས།

མིག་སྔར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྷ་སའི་ལས་ཀའི་གཙོ་གནད་དུ་གྱུར་ནས་ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་བྱས་པའི་རྒྱ་ཁྱོན་གྱིས་