ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་འཇར་མན་གྱི་ཙུང་ལི་དང་མཇལ་མོལ་གནང་བ།

2024-04-17 11:03:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས་16ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚི་དང་མཇལ་མོལ་གནང་བ་རེད།

ལི་ཆང་གིསའདི་ལོ་ནི་ཀྲུང་གོ་དང་འཇར་མན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག མིག་སྔར་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྤྱི་ཡོངས་ནས་བརྟན་པོ་ཡིན་པ་དང་སྐད་ཆ་ཤོད་རེས་དང་མཉམ་ལས་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཚེས་16ཉིན་གྱི་སྔ་དྲོ་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེསྐད་ཆ་ཤོད་རེས་ཁྲོད་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་མཉམ་ལས་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱས་ཐོག ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ལི་ཆང་གིསཕྱོགས་གཉིས་པོས་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སོགས་རིམ་ཁག་སྐད་ཆ་ཤོད་རེས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནསམཉམ་ལས་ཁག་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་པོའི་ཉོ་ཚོང་སྔར་བས་ལེགས་སུ་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་མཉམ་ལས་འཕར་གཞི་གསར་པ་གཏོད་པ། མི་སྣ་འགྲོ་འོང་སྔར་བས་རྒྱ་ཆེར་གཏོང་བ། ས་གནས་དང་། རིག་གནས་ལུས་རྩལ། ཚན་རིག་སློབ་གསོ་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་སྔར་བས་ཤུགས་ཆེན་བཅས་བྱེད་དགོསཀྲུང་གོ་ཕྱོགས་ཀྱིས་འཇར་མན་སོགས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་དང་ལས་གཉེར་བྱ་རྒྱུར་མུ་མཐུད་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ་མཁོ་འདོན་བྱ་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ལག་རྩལ་མཐོ་བའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཚོད་འཛིན་ལྷུག་ཏུ་གཏོང་བ་དང་བྱ་ཐབས་ཏན་ཏིག་སྤྱད་དེའཇར་མན་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཚོང་རའི་མིག་རྒྱང་དང་གོ་ལ་ཧྲིལ་པོའི་མཐོང་རྒྱར་བརྟེན་པ་དང་། དཔལ་འབྱོར་གྱི་ཆོས་ཉིད་ལ་གཞིགས་ནས་ཐོན་སྐྱེད་ནུས་པའི་གནད་དོན་ལ་དོན་དངོས་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས། ཡོ་རོབ་ཕྱོགས་ཀྱིས་ཁྲོམ་ར་ཅན་དང་དྲང་གཞག་གི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཉོ་ཚོང་རྒུད་སྐྱོབ་བྱེད་ཐབས་གཟབ་ནན་ངང་སྤྱོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲུའོ་ཨེར་ཚེ་ཡིསཀྲུང་གོ་ནི་འཇར་མན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ཏེ། འཇར་མན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས་རེས་སྐོར་བདུན་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གཅིག་གྱུར་གནང་བ་རེད།

མཇལ་མོལ་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་ཙུང་ལིས་རང་འགུལ་དྲ་སྦྲེལ་ཁ་ལོ་སྒྱུར་བ་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་འགོད་པར་མཉམ་དུ་བདེན་དཔང་གནང་ཡོད་པ་རེད།

མཇལ་མོལ་མ་གནང་གོང་། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཧྲུའོ་ཨེར་ཚི་ལ་དགའ་བསུ་ཞུས་པའི་མཛད་སྒོ་འཚོགས་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ལི་ཆང་གིས་འཇར་མན་གྱི་ཙུང་ལི་དང་མཇལ་མོལ་གནང་བ།

མཇལ་མོལ་མ་གནང་གོང་། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཧྲུའོ་ཨེར་ཚི་ལ་དགའ་བསུ་ཞུས་པའི་མཛད་སྒོ་འཚོགས་པ་རེད།